རྒྱལ་ཁབ་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞི་ཁག་གཉིས་ཁྱབ་བསྒྲགས་བྱས་པ།
ཞིང་ལས་སྐྱེ་དངོས་ཀྱི་ནད་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་ལ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཉེ་ཆར། གསར་དུ་བཟོ་བཅོས་བརྒྱབ་པའི《ཞིང་ལས་སྐྱེ་དངོས་ཀྱི་ནད་བཤེར་སྒྲིག་སྲོལ》དང《ཞིང་ལས་སྐྱེ་དངོས་གཏོང་འདྲེན་གྱི་ནད་བཤེར་སྒྲིག་སྲོལ》གྱི་རྒྱལ་ཁབ་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞི་ཁག་གཉིས་ཁྱབ་བསྒྲགས་བྱས་ཤིང་། སང་ལོའི་ཟླ་4ཚེས་1ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་རེད། རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཐོན་ཡུལ་གྱི་ནད་ཡམས་བརྟག་བཤེར་ལས་དོན་དེ་བས་གཅིག་གྱུར་ཚད་ལྡན་དང་ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེན་པོ་བྱུང་ནས་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱ་ཆེད་མཐའ་ཚད་ཀྱི་ནུས་པ་འདོན་རྒྱུ་རེད།
རྒྱལ་ཁབ་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞི་ཁག་གཉིས་ལ་བཟོ་བཅོས་རྒྱག་པའི་དམིགས་ཡུལ་ནི་ཞིང་ལས་སྐྱེ་དངོས་ཀྱི་ནད་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་ལ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་དོ་དམ་བཀོལ་སྤྱོད་ཐད་ཀྱི་འཁོར་འབྲེལ་ཧྲིལ་པོ་ཚད་ལྡན་ཡོང་ཆེད་རེད། ས་བོན་དང་སོན་མྱུག་ལ་རིམས་ནད་ཁྱབ་པ་དང་མཆེད་པའི་ཉེན་ཁར་དམིགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཞིང་ལས་སྐྱེ་དངོས་ཐོན་ཡུལ་གྱི་ནད་བཤེར་སྒྲིག་སྲོལ》ནང་ཞིང་ལས་ལོ་ཏོག་རྐྱང་པར་དམིགས་ནས་བཟོས་པའི་ཐོན་ཡུལ་གྱི་ནད་བཤེར་སྒྲིག་སྲོལ་གྱི་ཚད་གཞི་མང་པོ་གཅིག་ཏུ་བསྡུས་ཏེ། ནད་བཤེར་བྱེད་དགོས་ངེས་ཀྱི་ཞིང་ལས་སྐྱེ་དངོས་ཐོན་ཡུལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ཁྱབ་ཁོངས་དང་། ཐོན་ཡུལ་གྱི་ནད་བཤེར་གོ་རིམ། བཀོལ་སྤྱོད་ཀྱི་བླང་བྱ་སོགས་ལེགས་སུ་དང་ཞིབ་ཚགས་སུ་བཏང་ཡོད། ས་ཐག་རིང་པོར་རིམས་ནད་མཆེད་པའི་ཉེན་ཁར་དམིགས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི《ཞིང་ལས་སྐྱེ་དངོས་གཏོང་འདྲེན་གྱི་ནད་བཤེར་སྒྲིག་སྲོལ》དེ་སྔར་ཡོད་ཀྱི་ཚད་གཞི་བསྡུ་སྒྲིལ་བྱས་པའི་རྨང་གཞིའི་ཐོག ནད་ཡམས་བརྟག་བཤེར་གྱི་ལྷུ་ཚིགས་ཁག་ལ་ལེགས་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།