དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་ནན་པའོ་ཧྥེང་རྫོང་གི་རུའུ་རྫའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-19

    འདི་ནི་ཉེ་ཆར་པའོ་ཧྥེང་རྫོང་གི་རུའུ་རྫའི་ཐོན་སྐྱེད་ཁེ་ལས་ཤིག་གི་ལས་མིས་རུའུ་རྫའི་ཐོན་རྫས་སྒྲིག་བཞིན་པ།

    འདི་ནི་ཉེ་ཆར་རུའུ་རྫའི་ལག་རྩལ་བཟོ་པས་པའོ་ཧྥེང་རྫོང་གི་རུའུ་རྫའི་ཐོན་སྐྱེད་ཁེ་ལས་ཀྱི་འཁོར་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཧོ་ནན་ཞིང་ཆེན་པའོ་ཧྥེང་རྫོང་གིས་རུའུ་རྫ་སྲེག་བཟོའི་ལག་རྩལ་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་བཟོ་རྩལ་སྒྲིག་ཆས་ནང་འདྲེན་བྱེད་པ། རྫ་ཆས་ཀྱི་བཟོ་ལྟ་གསར་གཏོད་བྱེད་པ། སྤྱོད་ཡུལ་རྒྱ་སྐྱེད་གཏོང་བ་སོགས་རུའུ་རྫའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ས་གནས་དེ་གར་རུའུ་རྫ་སྲེག་བཟོའི་ལག་རྩལ་རྒྱུན་འཛིན་པ་100ཙམ་དང་། ཐོན་སྐྱེད་ཁེ་ལས་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་200ལྷག་ཙམ། འབྲེལ་ཡོད་ལས་དོན་པ་5000ལྷག་ཙམ། ཐོན་རྫས་སྣ་ཁ་5000ལྷག་ཙམ། ལོར་ཐོན་རྫས་ཁྲི་1000ལྷག་ཙམ་བཅས་ཟིན་ནས་ཐོན་ལས་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།