ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་གཅེས་སེམས་མཚོན་པའི་བྱ་སྤྱོད་སྤེལ་ཏེ།
སྤྱང་ཕྲུག་6ཆེད་ལས་རོགས་སྐྱོབ་ལས་ཁུངས་ལ་བདེ་བླག་ངང་རྩིས་སྤྲད་པ།

འདི་ནི་སྲོག་ཉེན་ལས་བསྐྱབས་པའི་སྤྱང་ཕྲུག་ཡིན་པ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་གྲའུ་ཤང་མངཌ་གཏོང་ཁང་གིས་སྤྱང་ཕྲུག་6བདེ་བླག་ངང་བསྐྱབས་ཤིང་། མིག་སྔར་སྤྱང་ཕྲུག་6པོ་ཆེད་ལས་རོགས་སྐྱོབ་ལས་ཁུངས་ལ་བདེ་བླག་ངང་རྩིས་སྤྲད་ཅིང་གཟུགས་གཞི་ཐང་བའི་སྤྱང་ཕྲུག་དག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལྟ་རྟོག་བྱེད་བཞིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། སྐྱེས་མ་ཐག་པའི་སྤྱང་ཕྲུག་6པོ་ནི་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་སེང་གེ་རང་བྱུང་གྲོང་ཚོའི་མང་ཚོགས་ཕྱུགས་འཚོ་བར་སྐྱོད་པའི་ལམ་བར་དུ་རྙེད་ཅིང་། སྐབས་དེར་སྤྱང་ཕྲུག་དེ་དག་གཟུགས་གཞི་སྐྱོ་བ་དང་རང་ཁ་རང་གསོ་ཐུབ་ཐབས་བྲལ་བ་མ་ཟད། ཉིན་ཤས་བསྟུད་མར་ལྟ་རྟོག་བྱེད་མཁན་གྱི་སྤྱང་ཀི་ལོག་ཡོང་མཁན་མ་བྱུང་བ་ཤེས་རྟོགས་བྱུང་རྗེས། མང་ཚོགས་ཀྱིས་གྲའུ་ཤང་མངགས་གཏོང་ཁང་ལ་རང་འགུལ་ངང་འབྲེལ་གཏུག་བྱས་པ་རེད།
མང་ཚོགས་ཀྱིས་སྐྱོབ་རོགས་རེ་འདུན་འབྱོར་རྗེས། གྲའུ་ཤང་མངགས་གཏོང་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། རི་སྐྱེས་སྲོག་ཆགས་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་ཞིང་། མི་དམངས་ཉེན་རྟོག་པས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་རྒྱུན་ཤེས་དང་ཟུང་འབྲེལ་བྱས་པ་དང་སྦྲགས། དྲོ་ཇུས་འགོག་སྲུང་དང་ཞི་འཇམ་གཅེས་གསོ་སོགས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ། སྤྱང་ཕྲུག་དེ་དག་བདེ་འཇགས་ངང་འཚོ་གནས་ཐུབ་པའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་པ་རེད། དུས་མཚུངས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་དང་དེ་བཞིན་ཆེད་ལས་རོགས་སྐྱོབ་ལས་ཁུངས་དང་དུས་ཐོག་ཏུ་འབྲེལ་གཏུག་བྱས་ཏེ། སྤྱང་ཕྲུག་རྩིས་སྤྲོད་ལེན་གྱི་འབྲེལ་ཡོད་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱིས་ཤེས་རྟོགས་བྱེད་པ་དང་། གཞི་རིམ་གྱི་ཉེན་རྟོག་ལས་དོན་སྒྲུབ་པ། ཆེད་ལས་ཀྱི་སྐྱོབ་རོགས་བྱེད་པ་བཅས་ཟུང་འབྲེལ་གྱི་མཉམ་འགུལ་ཐག་གཅོད་མ་ལག་ཅིག་བཙུགས་ཡོད།
འབྲེལ་ཡོད་གསར་འགྱུར།