དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་འབྲུ་རིགས་དང་དངོས་ཟོག་གི་གྲབས་གསོག་དོ་དམ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-19

    དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ་འཕྲལ་སྡོམ་གྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“ཚན་རྩལ་གྱིས་སྣེ་ཁྲིད་དང་། ལམ་སྲོལ་གསར་གཏོད། ཤེས་ལྡན་པ་སྒུལ་ཤུགས་སུ་བྱེད་པ”བཅས་ཀྱི་མཐུན་སྦྱོར་ཤུགས་འདོན་མཐའ་འཁྱོངས་བྱས་ཏེ། བཀར་འཇུག་མཁྲེགས་ཆས་དང་། དོ་དམ་ལམ་ལུགས། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ཆེན་པོ་གསུམ་ལ་དམིགས་ནས། འབྲུ་རིགས་དང་དངོས་ཟོག་གི་གྲབས་གསོག་དོ་དམ་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲབས་གསོག་དོ་དམ་གྱི་ནུས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལྟེ་བའི་སྒུལ་ཤུགས་སུ་བྱས་ཏེ། བཀར་འཇུག་སྒྲིག་ཆས་དེ“ངོས་མཉམ་གྲབས་གསོག་དང་། སྲོལ་རྒྱུན་ཉར་ཚགས”ནས“ཕྱོགས་བསྡུས་གྲབས་གསོག་དང་རིག་ནུས་ལས་སྒྲུབ”ལ་ཕྱོགས་སྒྱུར་དང་སྤུས་ཚད་མཐོར་གཏོང་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་རིམ་པའི་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་སུ་སྣ་མང་ཅན་དང་འཕྲུལ་ཆས་ཅན་གྱི་མཛོད་ཁང་ཧུར་ཐག་བསྐྲུན་པ་དང་། བང་རིམ་མང་བའི་བཀར་འཇུག་ཟོག་སྒྲོམ་བསྒར་བ་མ་ཟད། ཆེད་ལས་དབྲག་འཁོར་6དང་ལྕགས་ལམ་རྣམ་པའི་འཕྲུལ་འདེགས་མ་ལག་ཆ་ཚང་གཅིག་བཀོད་སྒྲིག་བྱས་ཏེ་བཀར་འཇུག་གི་ལས་སྒྲུབ་འཕྲུལ་ཆས་ཅན་དུ་འགྱུར་བ་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་ཚད་བརྒལ་སར་བྱས་ནས། གྲབས་གསོག་དོ་དམ་དེ་ལམ་ལུགས་ཅན་དང་། བརྒྱུད་རིམ་ཚད་ལྡན་ཅན། བཀོལ་སྤྱོད་དྲ་ཐོག་ཅན་བཅས་ལ་འགྱུར་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་འབྲེལ་ཡོད་ཚད་གཞི་དོན་འཁྱོལ་ནན་ཏན་བྱས་ནས་གྲབས་གསོག་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་ཏེ། དོ་དམ་ལམ་ལུགས་ཁག་20འཐུས་སྒོ་ཚང་དུ་བཏང་ནས། དངོས་ཟོག་གསོག་ཉར་དང་། བརྗེ་རེས། མཛོད་འདོན། ལྟ་འདོམས། བདག་སྐྱོང་སོགས་ལ་ཁྱབ་པའི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་དོ་དམ་གྱི་མ་ལག་བཏོད་དེ། ལམ་ལུགས་ལ་བརྟེན་ནས་བརྒྱུད་རིམ་ཚད་ལྡན་དང་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད། མིག་སྔར་འཕྲལ་སྡོམ་དངོས་ཟོག་བཀོད་གཏོང་གི་དུས་ཚོད་40%ཐུང་དུ་ཕྱིན་ནས་འཁོར་འཇུག་མཛོད་འདོན་བྱེད་ཚད་50%ཡན་མཐོ་རུ་ཕྱིན་ཡོད་པ་རེད།

    དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་ཤེས་ལྡན་པ་གྲབས་གསོག་དོ་དམ་དེང་རབས་ཅན་གྱི་ལྟེ་བའི་འདེགས་སྐྱོར་དུ་བྱས་ནས། “རྩལ་ནུས་གསོ་སྦྱོང་དང་ལས་རིགས་ཁས་ལེན་དཔང་འདོན”ཟུང་འབྲེལ་གྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་སྟངས་ལག་ལེན་བསྟར་ཞིང་། ཕྱོགས་གཅིག་ནས་སྒྲིག་ཆས་བཟོ་གྲྭའི་ལག་རྩལ་པ་དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས། ཆེད་དོན་གསོ་སྦྱོང་བྱས་ཏེ་འཐབ་ས་མདུན་མའི་དོ་དམ་པའི་བཀོལ་སྤྱོད་ནུས་པ་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་ཏེ་ལས་སྒོའི་རྐང་འཛིན་པ་དང་ལག་རྩལ་འཇོན་ཐང་མཁན་ཀོང་ཏུང་ཞིང་ཆེན་དུ་དཔེ་བསྡུར་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་དང་སྔོན་ཐོན་དོ་དམ་གྱི་ཉམས་མྱོང་དང་ལག་རྩལ་ནང་འདྲེན་བྱས་པ་མ་ཟད། ད་དུང་ལས་གནས་ཀྱི་གནས་འཕར་དང་གླ་ཕོགས་ཐོབ་ཐང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། འཐབ་ས་མདུན་མའི་དོ་དམ་པས་འབྲུ་རིགས་གྲབས་གསོག་དོ་དམ་པ་དང་དབྲག་འཁོར་རིམ་པའི་ལག་ཁྱེར་སོགས་ཀྱི་ལས་རིགས་ཀྱི་འོས་བབ་ཐོབ་ཐང་ལག་ཁྱེར་ལེན་པར་ཡང་ལྕག་སྐུལ་བཏང་ནས་ཤེས་རྩལ་འཛོམས་པའི་དོ་དམ་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།