དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་དངོས་སུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-19

    ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་འཚོགས་པ་རེད།

    ད་ཐེངས་ཀྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་རིང་། གྲུབ་འབྲས་འགྲེམས་སྟོན་དང་། སློབ་གྲྭའི་སྒོ་མོ་འབྱེད་པ། ལག་རྩལ་ཉམས་ལེན། དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། སློབ་གྲྭ་དང་། འགྲན་ར། དངོས་སྦྱོང་བྱ་ཡུལ། སློབ་གཉེར་ཐོན་ཁུངས་བཅས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པ་དང་། གྲོང་གསེབ་དང་། སྡེ་ཁུལ། མང་ཚོགས་ཀྱི་ཉེ་འགྲམ་བཅས་སུ་སྐྱོད་པ། བོད་ཀྱིས་ལས་རིགས་སློབ་གསོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། གཞོན་ནུ་ལོ་ཆུང་ཚོ་ལག་རྩལ་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བ་དང་། ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ། ལག་རྩལ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བ་བཅས་ཀྱི་ལམ་བུར་བསྐྱོད་པར་ཁྲིད་སྟོན་བྱེད་རྒྱུ་རེད།

    རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་དེང་རབས་ཀྱི་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལས་རིགས་སློབ་གསོའི་ཁོངས་གཏོགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཆེད་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། བོད་ཀྱི་གསོ་རིག་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཆེད་ལས་གཙོ་གནད་ཐོག་བཏོད་པ་བཅས་བྱས་ཡོད་པ་དང་། ཆབས་ཅིག་ཐོན་སློབ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། མངགས་ཐོ་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་འཕྲལ་མཁོ་ཆེ་བའི་ལག་རྩལ་ཤེས་ལྡན་པ་ཁག་ཐེངས་མང་པོ་གཏོང་བ་བཅས་བྱས་ནས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བ་དང་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།