འགྲིམ་འགྲུལ་བདེ་འཇགས་ཀྱི་དྲ་བ་ཚགས་དམ་དུ་བཏང་ནས་ས་མཐོའི་བདེ་འཇགས་ལམ་བུ་སྲུང་བ།
—— ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་བྱ་ཐབས་སྣ་མང་སྤྱད་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།
གངས་ལྗོངས་ས་མཐོའི་རྒྱལ་ལམ་དང་ཞིང་ཆེན་ལམ་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ལ་ཞིབ་བཤེར་བྱེད་མཁན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཚོས་ཉིན་ལྟར་ལས་གནས་བརྟན་སྲུང་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་འགྲིམ་འགྲུལ་ཉེན་རྟོག་པས་མི་དམངས་ཀྱི་ཆེད་དུ”ཞེས་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ལག་ལེན་བསྟར་ཡོད།
ཉིན་ཤས་གོང་། ལྷ་སའི་རྒྱལ་ལམ་དང་ཞིང་ཆེན་ལམ་རྒྱུད་ཀྱི་ཞིབ་བཤེར་ས་ཚིགས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་བདེ་འཇགས་དྲིལ་བསྒྲགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་གྲལ་བཤེར་བྱེད་བཞིན་ཡོད་པ་དང་། “འགྲུལ་འཁོར་གཉིས་དང་ཉེན་འཁོར་གཅིག་དང་ཟོག་འཁོར་གཅིག”བཅས་ལ་དམིགས་པའི་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱ་སྤྱོད་ས་མཐོའི་འགྲིམ་འགྲུལ་འགག་གནད་དུ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཟོག་འདྲེན་རླངས་འཁོར་གྱི་མྱུར་ཚད་ལས་བརྒལ་བ་དང་ཤོང་ཚད་ལས་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ“ཐར་པར་གཏན་ནས་མི་གཏོང་བའི”བཅོས་སྒྲིག་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས་ངལ་དུབ་ཆེན་པོས་རླངས་འཁོར་གཏོང་བ་དང་། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རླངས་འཁོར་གྱི་ཚད་གཞི་དང་མི་མཐུན་པ། མི་ཚད་ལས་བརྒལ་ནས་བླུགས་པ་སོགས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དུས་གཅིག་ཏུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། གནད་དོན་གཅིག་ཤེས་རྟོགས་བྱུང་ཚེ་གཅིག་ཐག་གཅོད་བྱེད་པ་དང་སློབ་གསོ་རྒྱག་པ་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་རེད།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་དོན་དངོས་ལ་གཞི་ཚུགས་ཏེ་ལྷོ་སྐོར་ལམ་དུ་དོས་སྐྱེལ་རླངས་འཁོར་ཆེ་གྲས་ཁྲིམས་འགལ་ངང་བཟོ་བཅོས་རྒྱག་པ་དང་། མྱུར་ཚད་ལས་བརྒལ་ནས་གཏོང་བ། ཤོང་ཚད་ལས་བརྒལ་ནས་བླུགས་པ་བཅས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ལྷོ་སྐོར་ལམ་དེ་གྲོང་ཁུལ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཟོག་འདྲེན་རླངས་འཁོར་ཆེ་གྲས་འགྲོ་འོང་བྱེད་མཁན་མང་པོ་ཡོད་པ་རེད། ཁ་ལོ་བ་ཁག་གཅིག་གིས་ཁེ་ཕན་དོན་གཉེར་བྱ་ཆེད་རང་དགར་རླངས་འཁོར་ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པ་དང་། མྱུར་ཚད་ལས་བརྒལ་ནས་གཏོང་བ། འགྲུལ་པ་ཤོང་ཚད་ལས་བརྒལ་ནས་བླུགས་ཏེ་རང་ངོས་དང་དེ་བཞིན་མི་གཞན་གྱི་འགྲོ་སྐྱོད་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དེར་བརྟེན་གྲོང་ལྷོ་རུ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་རྟོག་པ་བཀོད་སྒྲིག་བྱས་པ་དང་། གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་འགྲོ་འོང་བྱེད་མཁན་ཟོག་འདྲེན་རླངས་འཁོར་ཆེ་གྲས་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་ངང་རླངས་འཁོར་བཟོ་བཅོས་རྒྱག་པ་དང་། མྱུར་ཚད་ལས་བརྒལ་ནས་གཏོང་བ་དང་ཤོང་ཚད་ལས་བརྒལ་ནས་བླུགས་པ། རླངས་འཁོར་གྱི་ཕྱི་དབྱིབས་ཆེ་ཆུང་རང་དགར་འགྱུར་ལྡོག་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་ཁྲིམས་འཛིན་ཚོམས་ཆེན་དུ་སྐྱོད་སྐབས་ཁོར་ཡུག་གཙང་ལ་གོ་རིམ་ལྡན་པ་དང་དམངས་ཕན་ཞབས་ཞུའི་ཁྲིད་སྟོན་སྟེགས་བུའི་མདུན་དུ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་སེམས་རྩ་འཁོལ་པོས་ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ཚང་མར་སྣེ་ལེན་ཞུ་བཞིན་ཡོད།
བྱམས་བརྩེའི་འཚམས་འདྲི་རེ་རེ་དང་རང་འགུལ་གྱི་ཁྲིད་སྟོན་རེ་རེས་མང་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་ཀྱི་ཆ་རྒྱུས་མེད་པའི་ཚོར་སྣང་དང་སེམས་ཁྲལ་བསལ་ཡོད། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་དང་ལག་ཁྱེར་སྒྲུབ་གཉེར་སོགས་ལས་སྒོ་མང་པོར་དམིགས་ནས་སྐར་ཁུང་གི་ལས་དོན་མི་སྣས་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་དོགས་གནད་སེལ་བ་དང་། བརྒྱུད་རིམ་རེ་རེ་བཞིན་སློབ་པ། རང་འགུལ་ངང་མང་ཚོགས་ལ་དཔྱད་གཞི་གསེད་བཀྲོལ་བྱེད་རོགས་བྱེད་པ། མགྱོགས་མྱུར་སྒྲུབ་གཉེར་བྱེད་པ། བརྒྱུད་རིམ་སྟབས་བདེ་རུ་གཏོང་གང་ཐུབ་བྱེད་པ། དུས་བཀག་ཐུང་དུ་གཏོང་བ་བཅས་བྱས་ཡོད། ངང་རྒྱུད་རིང་པོས་ལན་འདེབས་པ་དང་། རང་འགུལ་ངང་ཁྲིད་སྟོན་བྱེད་པ། ཞིབ་བསྡུར་ཞིབ་ཚགས་བཅས་བྱས་པས་སྐར་ཁུང་གི་ལས་སྒྲུབ་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ཚོར་འགྲིམ་འགྲུལ་དོ་དམ་གྱི་ཞིབ་ཚགས་པའི་ཞབས་ཞུ་ཚོར་ཐུབ་པ་བྱུང་ཡོད།
ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ཚེ་ཆང་རག་འཐུང་མི་ཉན།
འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་དང་ཉེན་ཁ་ཏན་ཏིག་བསལ་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་སྲུང་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱུན་རྣམ་ཅན་གྱི་ཆང་བཏུངས་འཁོར་གཏོང་གི་མཚན་བཤེར་ལས་དོན་སྤེལ་བའི་རྨང་གཞིའི་ཐོག་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་རྒྱ་ཆེ་རུ་བཏང་སྟེ་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
“ཆང་རག་གི་ཉིང་ཁུས་ཁ་ལོ་བའི་བརྡར་ཤ་གཅོད་ནུས་དང་། ཚོར་སྣང་སྐྱེན་ཚད། བཀོལ་སྤྱོད་བྱེད་ནུས་བཅས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཏེ་བཟློག་ཐབས་མེད་པའི་ལས་འཛོལ་ཐོན་སླ་པོ་ཡོད”ལས་སྒྲུབ་མི་དམངས་ཉེན་རྟོག་པས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་ས་ཐོག་ཏུ་ཁ་ལོ་བ་དང་འགྲུལ་པར་ཆང་བཏུངས་འཁོར་གཏོང་གི་གནོད་འཚེ་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་བཏང་སྟེ་གཟུགས་པོའི་ནང་ཆང་རག་གི་ཉིང་ཁུ་བརྗེ་ཚབ་བྱེད་སྟངས་གསལ་འགྲེལ་གྱིས་ཚང་མར“ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་བའི”མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གཙོ་གནད་འཁོར་རིགས་ལ་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཆེད་དོན་བཅོས་སྒྲིག་བྱེད་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་ཚགས་དང་བརྟན་པོ་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་མི་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་གཡས་སྲུང་གཡོན་འདེགས་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།