ཉེ་ཆར་ཆར་ཞོད་ཆེ་རུ་འགྲོ་རྒྱུ་དང་སེར་བ་འབབ་རྒྱུ་རེད་འདུག
ཟླ་5ཚེས་17ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་མ་འོངས་ཉིན་བཅུའི་རིང་གི་གནམ་གཤིས་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་ཟླ་5ཚེས་18ནས་27ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གངས་སམ་ཆར་པ་ཡང་ཡང་འབབ་རྒྱུ་ཡིན་ཞིང་། ཟླ་5ཚེས་23ནས་27ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་འབབ་ཤུགས་དང་འབབ་ཁྱོན་ཆེ་བ་དང་། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ་བཅས་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེན་པོ་འབབ་རྒྱུ། མེ་ཏོག་རྫོང་གི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་བར་འབབ་རྒྱུ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་5ཚེས་18ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ནག་ཆུ་དང་། ལྷ་ས། གཞིས་རྩེའི་ལྷོ་རྒྱུད་དང་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར(གངས)འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
ཟླ་5ཚེས་19ནས་22ཉིན་བར། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ཆབ་མདོ་དང་། ནག་ཆུའི་ཤར་རྒྱུད་དང་དབུས་རྒྱུད། ལྷ་ས། ལྷོ་ཁའི་ཤར་རྒྱུད་དང་དབུས་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར(གངས)འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
ཟླ་5ཚེས་23ནས་27ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེ་བ་འབབ་རྒྱུ། དེའི་རིང་མེ་ཏོག་རྫོང་གི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་བར་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་དབུས་རྒྱུད་དང་ཆབ་མདོར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ལྷ་ས་དང་། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཐོལ་རླུང་རིམ་པ་5ཡས་མས་འཚུབ་རྒྱུ།
ནག་ཆུ་དང་། ལྷ་ས། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་དང་ལྷོ་རྒྱུད། ཆབ་མདོ་སོགས་ཀྱི་ས་ཆ་ཁག་གཅིག་ལ་སད་སེར་གྱི་འཇིག་པ་དང་། དུས་ཐུང་གི་དྲག་ཆར། གློག་དམར་འཁྱུག་པ། ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་སྲིད་པས་དོགས་ཟོན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།