དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བཞི་པའི་ཟླ་མཇུག་བར་ཀུན་ཕན་འབོར་ཉུང་དངུལ་བུན་གྱི་ལྷག་གྲངས་དུས་མཚུངས་ལས་10.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་15.45ཟིན་ཡོད། ཟླ་བ་བཞི་པའི་ཟླ་མཇུག་བར། སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་ཁྲི་456.89ཟིན་ནས་དུས་མཚུངས་ལས་7.8%འཕར་ཞིང་། ཁྱབ་ཆེའི་དངུལ་ལོར(M2)ལྷག་གྲངས་སྒོར་དུང་ཕྱུར་ཁྲི་353.04ཟིན་ནས་དུས་མཚུངས་ལས་8.6%འཕར་ཡོད། M2དང་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་གཉིས་ཀ་ལུགས་མཐུན་གྱི་ཚད་གཞིར་རྒྱུན་འཁྱོངས་ཐུབ་པ་དེས་དཔལ་འབྱོར་ཡག་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་འོས་འཚམ་ཞིག་གཏོད་ཐུབ་ཡོད།

    ཟླ་བ་དང་པོ་ནས་བཞི་པའི་བར། དངུལ་བུན་གཏོང་བའི་གཞི་ཁྱོན་ལུགས་མཐུན་འཕར་བ་རྒྱུན་འཁྱོངས་ཐུབ་ནས་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་8.59འཕར་ཡོད། ཟླ་བ་བཞི་པའི་ཟླ་མཇུག་བར། རང་དངུལ་དང་ཕྱི་དངུལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་284.29ཟིན་པ་དེ་དུས་མཚུངས་ལས་5.5%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་280.5ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཟླ་བ་བཞི་པའི་ཟླ་མཇུག་བར་ཀུན་ཕན་འབོར་ཉུང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་37.92ཟིན་པ་དེ་དུས་མཚུངས་ལས་10.5%འཕར་བ་དང་། དེའི་ནང་ས་ཁང་བདག་ཁོངས་ལས་རིགས་མ་ཚུད་པའི་ཞབས་ཞུའི་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་61.34ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བ་དེ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད།

    དངུལ་བུན་གྱི་སྐྱེད་ཚད་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་བཞི་པར་ཁེ་ལས་ཀྱིས་གསར་དུ་བཏང་བའི་དངུལ་བུན(རང་དངུལ་དང་ཕྱི་དངུལ)གྱི་རྩིས་སྙོམས་སྐྱེད་ཚད་3.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་20ཙམ་དམའ་རུ་ཕྱིན་པ་དང་། མི་སྒེར་གྱི་སྡོད་ཁང་ལ་གསར་དུ་གཏོང་བའི་དངུལ་བུན(རང་དངུལ་དང་ཕྱི་དངུལ)གྱི་རྩིས་སྙོམས་སྐྱེད་ཚད་3.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་6ཙམ་དམའ་རུ་ཕྱིན་ཡོད།

    བཅོལ་དངུལ་ཐད། ཟླ་བ་དང་པོ་ནས་བཞི་པའི་བར་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་14འཕར་བའི་ནང་དུད་ཚང་གི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་5.74དང་། དངུལ་རྩ་མིན་པའི་ཁེ་ལས་ཀྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་1.43 ནོར་སྲིད་རང་བཞིན་གྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་1.2 དངུལ་ཁང་ལས་རིགས་མིན་པའི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་4.5བཅས་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།