ཡུན་ནན་བདེ་ཆེན་རྫོང་གྲོང་གི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་ཁང་པ་ཁག་དང་པོ་རྩིས་སྤྲད་པ།

འདི་ནི་གནས་སྤོས་མང་ཚོགས་ཁག་དང་པོ་ཁང་པ་གསར་པར་སྤོ་བཞིན་པ།

འདི་ནི་གསར་དུ་བསྐྲུན་པའི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་ཁང་པ་ཡིན་པ།
ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གྲོང་གི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་ཁང་པ་ཁག་དང་པོ་དེ་ཡེ་ཀྲི་གྲོང་རྡལ་དུ་རྩིས་སྤྲད་པ་དང་། བཀོད་སྒྲིག་ཁང་པ་སྟར་པ་182གཅིག་སྡུད་ཐོག་རྩིས་སྤྲད་པས་ཁྱིམ་དུད་414ཡི་མང་ཚོགས་ལ་སྡོད་ཁང་གསར་པའི་ལྡེ་མིག་རག་སྟེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
བདེ་ཆེན་རྫོང་གྲོང་རྙིང་པའི་བདེ་ཆེན་གྲོང་རྡལ་གྱི་ས་བབ་སྨི་3400ཟིན་ནས་ས་གཤིས་ཀྱི་གནོད་འཚེའི་མངོན་མེད་རྐྱེན་ངན་མང་པོ་གནས་ཡོད་པས་མང་ཚོགས་དུད་ཁྱིམ་3076གི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད། ཉེན་ཁ་སེལ་ཆེད། བདེ་ཆེན་ཀྲོའུ་ཡིས་རྫོང་གྲོང་ཁྱོན་ཡོངས་ཉེན་གཡོལ་གནས་སྤོ་བྱེད་འགོ་ཚུགས་ཡོད།
ད་ཐེངས་རྩིས་སྤྲད་པའི་བཀོད་སྒྲིག་ཁང་པའི་ཨར་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.7ཙམ་ཟིན་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་140ནས་250བར་གྱི་བཟོ་ལྟ་སྣ་ཚོགས་ཀྱི་ཁང་པ་བཀོད་སྒྲིག་བྱས་ཏེ་ཚོང་ཁང་དང་། རྨང་གཞིའི་སྒྲིག་བཀོད། སྡེ་ལས་དོ་དམ་སོགས་ཚང་མ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།