དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་2026ལོའི“ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཤེས་དཔལ་དར་སྲོལ་གསར་པ་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་སྤྱི་ཚོགས་ཡོངས་སུ་2026ལོའི“ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་བྱས་པ་རེད།

    ལིའུ་ཁྲོང་དང་། ཕང་ཝེ་ཐའོ། ཀྲའོ་ཅོན་ཅོན། ཧྲེན་ཡུན། ཀྲང་གོ་ལི། ཀྲང་ཡུན། ཧན་ཀོང་ཡིང་། ཧྲི་ཧུའེ། ཧོ་ཧུང་དབྱིང་། སུའེ་ཡ་ཕིང་བཅས་ཁྱིམ་ཚང་10གཟི་བརྗིད་ལྡན་པའི་ངང་བདམས་པ་རེད། ཁོང་ཚོ་ལ་ལས་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་རྒྱལ་ཁབ་ཆེན་པོའི་འདུ་འགོད་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་དང་ལེགས་སྐྱེས་ཕུལ་བ་དང་། ལ་ལས་ལག་གདང་སྦྲེལ་ནས་གྲོང་གསེབ་ཏུ་གཞི་ཚུགས་ཏེ་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་ཡུལ་མི་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད་པ། ལ་ལས་བརྩེ་སེམས་ཟབ་མོ་བཅངས་ནས་ཉམས་ལེན་འབད་སྒྲུབ་ཀྱིས་གཉེན་སྒྲིག་སྲོལ་གསར་དར་སྤེལ་བཏང་བ། ལ་ལས་རིག་དཔལ་དར་བའི་ཁྱིམ་གཞིས་བསྐྲུན་ནས་ཁྱིམ་མཚེས་དབར་སློབ་སྦྱོང་ལ་དགའ་བའི་སྲོལ་བཟང་ཆགས་པར་ཁྲིད་སྟོན་བྱས་པ། ལ་ལའི་ནང་མི་ཚང་མས་སེམས་རྩ་འཁོལ་པོས་སྤྱི་ཕན་ལས་ལ་འབད་ནས་དྭ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ། ལ་ལས་ཕན་ཚུན་རྒྱུས་མངའ་དང་བརྩི་སྲུང་ཞུས་ཏེ་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཁྲོད་འགན་འཁྲི་ཁུར་བ་དང་རང་འགན་ཐེག་པ་ཁུར་ལེན་བྱས་པ་ལ་སོགས་རེད། ཁོང་ཚོས་ཁྱིམ་ཚང་གི་སྤྱོད་བཟང་དང་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་ནས་མི་སྒེར་དང་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་འདུན་དང་མཉམ་འདྲེས་བྱས་པས། འབད་འཐབ་ཁྲོད་བདེ་སྐྱིད་ཐོབ་པ་དང་ཕུགས་འདུན་དོན་གཉེར་བྱེད་པའི་ཁྲོད་ངོ་མཚར་ཆེ་བའི་གྲུབ་འབྲས་ཐོབ་ཡོད།

    རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། ཁྱིམ་ཚང་ཆུང་ཆུང་ཁྱིམ་ཚང་ཆེན་པོ་དང་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་གི་དོན་དག་རྒྱལ་ཁབ་ཀྱི་དོན་དག་དང་འབྲེལ་བ་ཡོད། རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ཁྱིམ་ཚང་གཞི་ནས་ཡག་པོ་ཡོང་ཐུབ། “ཁྱིམ་ཚང་ཡག་ཤོས”མིག་དཔེར་བྱས་ཏེ་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱས་ནས་ཁྱིམ་ཚང་འཆམ་མཐུན་དང་། གཉེན་ཉེ་ཕན་ཚུན་དགའ་ཞེན། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས། རྒན་རྒོན་རྣམས་རྒས་དུས་འཚོ་རྟེན་ཡོད་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་པ་དང་། ང་ཚོའི“ཁྱིམ་ཚང་ཆུང་ཆུང”ཚང་མར་ཚ་རླབས་འཕྱུར་བ་བྱས་ནས་མེས་རྒྱལ་འདི་ཉིད“ཁྱིམ་ཚང་ཆེན་པོ”ཞིག་ཏུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད།

    ཡོངས་བསྒྲགས་མཛད་སྒོར“ཁྱིམ་ཚང་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་ནས་གང་ས་ཅི་ཐད་ནས་ཁོང་ཚོའི་ཁྱིམ་ཚང་གི་གཏམ་རྒྱུད་བརྗོད་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“ཁྱིམ་ཚང་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།