དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཀྲུང་གོའི་དུས་རབས་གསར་པའི་རིག་གནས་གསར་གཏོད་ཚོང་འདུས་སྐབས་དང་པོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    ཟླ་5ཚེས་15ཉིན། ཀྲུང་གོའི་དུས་རབས་གསར་པའི་རིག་གནས་གསར་གཏོད་ཚོང་འདུས་སྐབས་དང་པོ་དང་དར་སོ་ཆེ་བའི་རྩེད་ཆས་གླིང་ཁའི་སྤྲོ་ཚོགས་པེ་ཅིང་ཁྲའོ་དབྱང་སྤྱི་གླིང་དུ་སྤེལ་འགོ་ཚུགས་པ་དང་། རིག་རྫས་དང་རིག་གནས་གསར་གཏོད་དང་། དར་སོ་ཆེ་བའི་རྩེད་ཆས་དང་ཀྲུང་གོའི་གཏམ་རྒྱུད། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས། གྲངས་འཛིན་ཚན་རྩལ་འཕེལ་རྒྱས་སོགས་ཀྱི་གཅིག་འཐུས་རྣམ་པའི་ཉམས་ལེན་བཏོད་དེ། རྒྱལ་ཡོངས་ཀྱི་རིག་གནས་གསར་གཏོད་ཐོན་ལས་སྤེལ་རེས་མཐུན་སྦྱོར་གྱི་ལས་སྟེགས་བཏོད་པ་རེད། བྱེད་སྒོ་དེ་རིག་གནས་དང་ཡུལ་སྐོར་པུའུ་དང་། ཚོང་དོན་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་པ་དང་། པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་སྲིད་གཞུང་སོགས་ཀྱིས་གཙོ་གཉེར་བྱས་ཤིང་། དུས་ཡུན་ཉིན་10ཡི་ནང་གྲོང་མི་དང་ཡུལ་སྐོར་བར་རིན་མེད་ངང་སྒོ་འབྱེད་རྒྱུ་རེད། འདི་ནི་དར་སོ་ཆེ་བའི་རྩེད་ཆས་གླིང་ཁའི་སྤྲོ་ཚོགས་ཐོག་ཡུལ་སྐོར་བས་པེ་ཅིང་གི་ཚེམ་དྲུབ་མྱོང་རོལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།