དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁུ་ཁུ་ཤིས་རིར་གཙོད་ཁྱུ་གནས་སྤོ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། ད་ལོའི་གཙོད་ཁྱུ་ཁག་དང་པོ་158ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ཡི་སྨུག་པ་ལ་སྲུང་སྐྱོབ་ས་ཚིགས་ཁོངས་ཀྱི་མཚོ་བོད་གཞུང་ལམ་གྱི་3001ནས་3002ཀྱི་ས་ཆ་ནས་ཁུ་ཁུ་ཤིས་རིའི་མཐིལ་དུ་གནས་སྤོ་བྱེད་པ་དེ་ཐོག་ནས་2026ལོའི་ལོ་འཁོར་གྱི་གཙོད་ཁྱུ་ཁྱོན་ཡོངས་ནས་གནས་སྤོ་བྱེད་འགོ་ཚུགས་པ་མཚོན་ཡོད་པ་རེད།

    ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡིས་གཙོད་འགྲོ་སའི་གཙོ་གནད་ས་ཁོངས་སུ་གཙོ་གནད་ཐོག་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། སྨུག་པ་ལའི་སྲུང་སྐྱོང་ས་ཚིགས་སུ་དུས་ཐུང་ནང་འགྲིམ་འགྲུལ་དོ་དམ་དང་དུང་བརྡ་གཏོང་མི་ཆོག་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་གཙོད་ཁྱུ་བདེ་འཇགས་ངང་གཞུང་ལམ་བསྒྲལ་ནས་གནས་སྤོ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག གཙོད་ཁྱུ་གནས་སྤོ་བྱེད་རིང་གི་གནས་ཚུལ་སྣ་ཚོགས་ཁོང་དུ་ཆུད་པར་བྱས་ཏེ་གནས་སྤོ་བྱེད་པའི་དུས་ཚོད་དང་། གྲངས་འབོར། འབྲེལ་ཡོད་ཀྱི་གྲངས་གཞི་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་ཡག་པོ་རྒྱག་དགོས་པའི་བཀོད་སྒྲིག་བྱས་པ་མ་ཟད། རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་སུ་སྔ་སྣུར་དུ་བཅའ་སྡོད་བྱས་ནས་གཙོད་ཨ་མར་གཙོད་ཕྲུག་སྐྱེ་རིང་གི་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།