དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་སྤྱོད་གློག་པར་སྒྲིག་ཆས་ལ“སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཨང་ཀི”ཡོད་པ།

    སྨན་སྤྱོད་གློག་པར་ལྟ་འཐེན་བཀོལ་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས《སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་སྒྲིག་ཆས(གློག་པར་རིགས)ཀྱི་ཨང་སྒྲིག་སྒྲིག་སྲོལ་དང་བྱེད་ཐབས》བཀྲམ་ནས་རྒྱལ་ཡོངས་ཀྱི་གློག་པར་རིགས་ཀྱི་སྨན་སྤྱོད་སྒྲིག་ཆས་ལ་གཅིག་གྱུར་གྱི“སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཨང་ཀི”བཟོས་པ་དེ་ཐོག་ནས་སྨན་སྤྱོད་གློག་པར་སྒྲིག་ཆས་ཀྱི་སྨན་བཅོས་འགན་བཅོལ་དོ་དམ་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    སྨན་སྤྱོད་གློག་པར་སྒྲིག་ཆས་ནི་ནད་ཐོག་སྨན་བཅོས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་ནས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་ཀྱི་ལྟ་ཞིབ་ཚད་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་སྤྱོད་ཀྱི་ཡོད། གློག་པར་རིགས་ཀྱི་སྨན་སྤྱོད་སྒྲིག་ཆས་ཀྱི་ཨང་སྒྲིག་དེ“སྨན་བཅོས་འགན་བཅོལ་གྱི་གློག་པར་དྲ་ཐོག་གསལ་བྱང”གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གློག་པར་ཡིག་ཆ་གྲུབ་པའི་སྒྲིག་ཆས་དང་ཐད་ཀར་འབྲེལ་བ་ཡོད། དེ་གོང་ས་གནས་ཁག་གི་སྨན་སྤྱོད་གློག་པར་སྒྲིག་ཆས་ལ་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་ཨང་སྒྲིག་ཚད་གཞི་མེད་པས“སྨན་བཅོས་འགན་བཅོལ་གྱི་གློག་པར་དྲ་ཐོག་གསལ་བྱང”བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བར་འགྲན་སློང་འཕྲད་ཡོད།

    མང་ཚོགས་ཀྱི་ངོས་ནས་བརྗོད་ན། སྨན་བཅོས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་། སྒྲིག་ཆས་ཀྱི་སྤུས་ཚད་སྟངས་འཛིན་བྱེད་པ། ཐེབས་རྩའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཨང་སྒྲིག་གི་འདེགས་སྐྱོར་ནུས་པར་བརྟེན་ནས་བརྟག་དཔྱད་བྱས་འབྲས་དེ་བས་བློས་འཁེལ་བ་དང་། འགྲོ་གྲོན་རྩིས་རྒྱག་དེ་བས་ཁ་གསལ་བ། སྨན་བཅོས་ཀྱི་མྱོང་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། ཁྲིམས་མཐུན་ཁེ་དབང་འགན་སྲུང་དེ་བས་བརྟན་པོ་བཅས་ཡོང་ཐུབ། སྨན་བཅོས་སྒྲིག་གཞིའི་ངོས་ནས་བརྗོད་ན། སྒྲིག་ཆས་ཀྱི་ཨང་སྒྲིག་ལ་བརྟེན་ནས་སྐྱེ་རྒ་ན་འཆི་ཚང་མར་དོ་དམ་བྱེད་ཐུབ། ལས་རིགས་ཀྱི་ཁེ་ལས་ངོས་ནས་བརྗོད་ན། ཨང་སྒྲིག་གིས་ཐོན་སྐྱེད་བཟོ་གྲྭ་བར་གནད་སྨིན་ཁུངས་འདེད་ཐུབ་ནས་ཁེ་ལས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་ཚད་གཞི་ལྡན་ལ་ཁ་གསལ་བ་དང་གཞུང་དྲང་གོ་རིམ་ལྡན་པའི་ལས་རིགས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་པར་རམ་འདེགས་བྱེད་ཐུབ། སྨན་བཅོས་འགན་སྲུང་སྡེ་ཚན་གྱི་ངོས་ནས་བརྗོད་ན། ཨང་སྒྲིག་དེས་གློག་པར་སྒྲིག་ཆས་དང་སྦྲེལ་མཐུད་གནད་སྨིན་ཐུབ་པ་སྟེ་རེ་རེ་བཞིན་ཐོད་གཏུག་གིས་འབྱུང་རྩ་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཐུབ།

    ངོ་སྤྲོད་བྱས་པར་གཞིགས་ན། “གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་རིགས་དབྱེ། གཅིག་གྱུར་ཁྱབ་བསྒྲགས། གཅིག་གྱུར་དོ་དམ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཨང་སྒྲིག་དེ་ཉིད་ཆ་ཤས་5ཡི་ཚབ་རྟགས་19ལས་གྲུབ་པ་ཞིག་ཡིན་ཞིང་། ཨང་སྒྲིག་མ་ལག་དེ་ཕྱོགས་ཡོངས་སུ་སྤྱད་པ་དེས་སྨན་བཅོས་གློག་པར་ལྟ་འཐེན་བཀོལ་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་སྨན་བཅོས་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།