དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་འགག་གནད་སེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཇུས་གཞི་བཀྲམ་པ་སྟེ། ད་ལོའི་ཟླ་བ་5པ་ནས་12པའི་བར། གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་འགག་གནད་སེལ་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་། ཁེ་ལས་ཀྱི་དྲང་གཞག་ཞུགས་འཐུས་དང་རང་བདག་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་བ་དང་། ཚོང་ཟོག་གི་གཙོ་རྒྱུའི་རང་འདོད་ཀྱི་འཁོར་རྒྱུག་ལ་བཀག་སྡོམ་བྱེད་པ། འོས་ཐོབ་ངོས་འཛིན་བྱེད་སྐབས་ཕྱི་ནང་དབྱེ་བ་འབྱེད་པ། ཡིད་རྟོན་གདེང་འཇོག་ཚུལ་མིན་ངང་སྤྱད་ནས་འོས་སྐུལ་འོས་དཔོད་ལ་མངོན་མེད་བཀག་རྒྱ་བཟོ་བ་བཅས་གནད་འགག་ཁག་བཞི་ལ་དམ་པོར་དམིགས་ཏེ། ཁྲིམས་སྒྱུར་དང་། ཞིབ་བཤེར། འཐེན་བཤེར་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཁྲིམས་ལྟར་ཁྲོམ་རའི་འགྲན་རྩོད་ལ་ཚུན་མིན་ཐེ་ཇུས་བྱེད་པའི་གནད་དོན་ལ་བཅོས་སྒྲིག་ནན་པོ་བྱ་རྒྱུ་ཡིན་པ་རེད།

    ལོ་མཇུག་ཏུ་ཁྲིམས་ལྟར་གྱོད་དོན་ཚབས་ཆེན་ཁག་གཅིག་ཞིབ་གཅོད་བྱེད་པ་དང་། གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་བྱ་ཐབས་ཁག་གཅིག་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་པར་སྐུལ་འདེད་གཏོང་བ། དཔེ་མཚོན་གྱོད་དཔེ་ཁག་གཅིག་ཡོངས་གྲགས་ངང་དམར་འདོན་བྱེད་པ། ལམ་ལུགས་དང་ལམ་སྲོལ་ཁག་གཅིག་གང་མགྱོགས་འདོན་པ་བཅས་བྱས་ཏེ། དྲང་གཞག་འགྲན་རྩོད་དང་སྤུས་ཚད་ཀྱི་ཚད་གཞི་སོགས་ཁྲོམ་རའི་རྨང་གཞིའི་ལམ་ལུགས་དེ་བས་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བ་དང་། ས་གནས་སྲིད་གཞུང་གི་དཔལ་འབྱོར་སྐུལ་སྤེལ་བྱ་སྤྱོད་དེ་བས་ཚད་དང་མཐུན་ཞིང་གོ་རིམ་ལྡན་པ། ཁྲོམ་རའི་ལྟ་འདོམས་ཀྱི་ཁྲིམས་སྒྱུར་དེ་བས་དྲང་པོ་དྲང་གཞག་ཡོང་བ། ཁྲོམ་རའི་ཁོར་ཡུག་དེ་བས་ཕྱི་གསལ་ནང་གསལ་དང་སྔོན་དཔག་ཐུབ་པ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།