དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་གྲངས་འཛིན་ཐོན་ལས་ཀྱི་ཡོང་འབབ་12.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར། གྲངས་འཛིན་ཐོན་ལས་ལ་ཡོང་འབབ་སྒོར་དུང་ཕྱུར་ཁྲི་9.5བྱུང་བ་དེ་དུས་མཚུངས་ལས་12.9%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.5ཡིས་མཐོ་བ་ཡོད་པ་རེད།

    གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ཤུགས་ཆེན་འཕར་བའི་སྐུལ་ཁྲིད་འོག དུས་ཚིགས་དང་པོར་གྲངས་འཛིན་ཐོན་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་7378ཟིན་པ་དེ་དུས་མཚུངས་ལས་23.6%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་16.6གིས་མཐོ་བ་ཡོད་པ་དང་། ཡོང་འབབ་ཀྱི་ཁེ་སྤོགས་7.8%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1གིས་མཐོ་བ་ཡོད་པ་རེད།

    གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཞིང་། ཟླ་བ་3པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་5Gསྦྲེལ་ཚུགས་ཁྲི་495.8བསྐྲུན་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།