དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀུའེ་ཡ་ནའི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཡང་།   |     སྤེལ་དུས།  2026-05-18

    ཀྲུང་གོ་དང་ཀུའེ་ཡ་ནའི་དབར་བར་ཐག་རིང་པོ་ཡོད་མོད། འོན་ཀྱང་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ས་ཁམས་ཀྱི་བར་ཐག་རྒྱང་གིས་ཆོད་རུང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འདུན་པ་གཅིག་མཚུངས་ཡོང་བར་འགོག་རྐྱེན་གཏན་ནས་ཐེབས་མྱོང་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་ལེན་བསྟར་ནས་ཀུའེ་ཡ་ནའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དེང་རབས་ཅན་གྱི་འབྲེལ་ཟམ་དེས་རང་བྱུང་འོབས་ཆེན་དེ་ཐོགས་མེད་བགྲོད་ལམ་ལ་བསྒྱུར་བ་དང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་གཟུགས་གཞི་བདེ་ཐང་ཐད་གཅེས་སྐྱོང་བྱས་པ། ཀྲུང་གོའི་སྙན་ཚིག་དང་གླུ་གཞས་ཀུའེ་ཡ་ན་སློབ་ཆེན་གྱི་སློབ་ཁང་དུ་སློབ་ཁྲིད་བྱས་པ་ལ་སོགས་ཀྲུང་གོ་དང་ཀུའེ་ཡ་ན་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས། ཐུན་མོང་ཐོག་རི་ཀླུང་དང་རྒྱ་མཚོ་བརྒལ་བ་དང་དམངས་སེམས་འབྲེལ་མཐུད་ཐུབ་པའི་དུས་རབས་ཀྱི་འཆར་གཞི་ཞིག་འདིང་བཞིན་ཡོད།

    གཙོ་བདག་གིས་སྣེ་ཁྲིད་དེ་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། ཀུའེ་ཡ་ན་ནི་དབྱིན་ཡིག་ཅ་ལེ་པི་ས་ཁུལ་གྱི་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ལྷག་ཙམ་སོང་རིང་ཀྲུང་ཀུའེ་དབར་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཆར་འགོད་དང་ཁྲིད་སྟོན་ནི“ཕྱོགས་སྟོན་འཁོར་ལོ”དང“ཚད་འཛིན་ས”ཞིག་རེད། 2018ལོར་ཀྲུང་ཀུའེ་དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བསམ་ཤེས་དྲན་ཐོར་མཉམ་དུ་མིང་རྟགས་བཀོད་དེ་ཀྲུང་ཀུའེ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་བཏོད་ཡོད། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཚམས་འདྲིར་ཕེབས་པའི་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་དང་མཇལ་འཛོམས་གནང་ནས་རྒྱལ་ཁབ་གཉིས་པོ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གཙིགས་ཆེར་འཛིན་པའི་གྲོགས་པོ་ཡག་པོ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཀུའེ་ཡ་ནའི“ཐཱན་ཉུང་འཕེལ་རྒྱས་འཐབ་ཇུས་2030”དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་མཛུབ་ཁྲིད་འོག་ཀྲུང་ཀུའེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་རྩ་དོན་དུ་བྱས་ཏེ། གཉིས་ཁེ་གཉིས་ཕན་གྱི་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་བཞིན་ཡོད།

    དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཀུའེ་ཡ་ན་རུ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དམངས་འཚོའི་རྣམ་གྲངས་རེ་རེ་བཞིན་བརྗིད་ཆེའི་འཆར་གཞི་ནས་མཛེས་སྡུག་ལྡན་པའི་དོན་དངོས་སུ་གྱུར་ཏེ། ཀུའེ་ཡ་ནའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2025ལོའི་ལོ་མཇུག་བར་ཀྲུང་གོའི་ཁེ་ལས་ཀྱིས་ཀུའེ་ཡ་ནར་རིམ་རྩིས་བརྒྱབ་ན་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་130ཙམ་ཟིན་པ་དང་། 2025ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་28.9ཙམ་ཟིན་པ་དེ་དུས་མཚུངས་ལས་105%ལྷག་ཙམ་འཕར་ཡོད་པ་རེད། ལྗིད་ཏིག་ཏིག་གི་གྲངས་ཀ་མང་པོ་ལས་ཆུ་ཚད་དེ་བས་མཐོ་བ་དང་། གཏིང་ཤུགས་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི་གཉིས་ཁེ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཞིག་མངོན་བཞིན་ཡོད་པ་དང་། ཀྲུང་གོ་དང་ཀུའེ་ཡ་ན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

    མི་ཆོས་རིག་གནས་སྤེལ་རེས་ཀྱི་རྣམ་པ་ངོ་མཚར་ཆེ་ཞིང་། ཀྲུང་ཀུའེ་དབར་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དེ་རིམ་པ་མང་བ་དང་། རྣམ་པ་མང་བ། ཁྱབ་ཁོངས་མང་བ་བཅས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་ཁ་འབྲལ་ཐབས་མེད། 1993ལོར་ཀྲུང་གོས་ཀུའེ་ཡ་ནར་སྨན་བཅོས་རུ་ཁག་ཁག་དང་པོ་བཏང་བ་ནས་ད་བར་ཁག་21གི་ཀྲུང་གོའི་སྨན་དོན་པ་300ལྷག་ཙམ་གྱིས་ཀུའེ་ཡ་ནར་རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་ཁྲི་130ལྷག་ཙམ་ལ་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་ནད་པ་ཁྲི་7ལྷག་ཙམ་ལ་གཤགས་བཅོས་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། རིག་གནས། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཉིན་བཞིན་མང་དུ་ཕྱིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ཡ་ན་ཕྱོགས་ལ་གསོ་སྐྱོང་བྱེད་རོགས་བྱས་པའི་ཆེད་ལས་ཤེས་ལྡན་པ་ཁྱབ་ཁོངས་གང་སར་ཁྱབ་ཡོད། ཀུའེ་ཡ་ན་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་12སོང་རིང་རིམ་རྩིས་བརྒྱབ་ན་སློབ་མ་5000ལྷག་ཙམ་གསོ་སྐྱོང་བྱས་པ་དང་རིག་གནས་བྱེད་སྒོ་ཁག་200ཙམ་སྤེལ་བར་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་ཏེ་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་དུ་གྱུར་ཡོད། སེམས་དང་སེམས་པ་སྤེལ་རེས་དང་བརྩེ་སེམས་མཚོན་རེས་བྱེད་པའི་བྱ་སྤྱོད་དེ་ཁྲུམ་ཁྲུམ་དུ་བཞུར་བའི་ཆུ་ཕྲན་ཞིག་དང་འདྲ་བར་ཀྲུང་ཀུའེ་མཛའ་གྲོགས་ཀྱི་ཆུ་རྒྱུན་རིང་མོར་གཅིག་ཏུ་འདུས་ཡོད།

    (རྩོམ་པ་པོ་ནི་ཀུའེ་ཡ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།