ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་འཇོག་བྱས་པའི་གཞི་གཅིག་ཅན་གྱི་ས་འོག་ཚ་ནུས་ཀྱི་གློག་ཁང་ཐོག་མ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་ཁའེ་ཧྲན་ཚོགས་པས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་པའི་ཁེན་ནི་ཡའི་ཁའེ་ཧྲན་གྱི་01གི་ས་འོག་ཚ་ནུས་གློག་ཁང་ཉིན་ཤས་གོང་དངོས་སུ་སྤྱོད་འགོ་ཚུགས་པ་རེད། དེ་གའི་ས་འོག་ཚ་ནུས་གློག་ཁང་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་འཇོག་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པའི་གཞི་གཅིག་ཅན་གྱི་ས་འོག་ཚ་ནུས་གློག་ཁང་ཐོག་མ་དེ་རེད། གློག་ཁང་སྤྱོད་འགོ་ཚུགས་པ་དེས་ས་གནས་དེ་གའི་ལྗང་གློག་ནུས་རྒྱུ་གསར་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁེན་ནི་ཡའི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཁེན་ནི་ཡའི་དཔལ་འབྱོར་རྒྱུན་མཐུད་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་དོན་སྙིང་ཆེན་པོ་ལྡན་ཡོད། འདི་ནི་ཉམས་གསོ་བ་གཉིས་ཀྱིས་རླངས་འགྱུར་འཁོར་རྟེན་ལ་སྐྱོན་ཡོད་མེད་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།