དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཁག་བདུན་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཁག་བདུན་བཏོན་ཡོད་པ་རེད།

    ཟླ་4ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་བྱས་ཏེ། ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། 《བསམ་འཆར》གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིའི་བསམ་བློར་ཁྲིད་སྟོན་དང་། ཁེ་དབང་འགན་སྲུང་། ཞབས་ཞུ་མཁོ་སྤྲོད། ལས་རིགས་འཕེལ་རྒྱས། སྤྱི་ཚོགས་ཀྱི་མོས་སེམས་བཅས་དགོས་མཁོ་ཆེན་པོ་ལྔར་དམིགས་པ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། གཏོགས་ཁོངས་ཀྱི་མོས་སེམས་ཆེ་རུ་གཏོང་བ། མཉམ་བཅོས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མཚོ་སྔོན་གྱིས“བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། གནད་སྨིན་གཅེས་སྐྱོང་ཞབས་ཞུ། སྤྱི་ཚོགས་མཉམ་འདྲེས་སྐུལ་འདེད”བཅས་ནང་དོན་གཙོ་བོར་བྱེད་པའི་ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བ་དང་དོ་དམ་བྱེད་པའི་མ་ལག་བརྒྱུད་རིམ་ལྡན་པ་བཏོད་པ་མ་ཟད་བྱ་སྤྱོད་ཁག་བདུན་ཡང་བཏོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངོས་སྒྲུབ་བྱ་ཐབས་ཁག་བདུན་གྱི་ནང་སློབ་རྒྱུས་མཐོ་རུ་དང་རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་མང་པོ་ཚུད་ཡོད། ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར“དྲོ་སྐྱིད་སྦྱིན་པའི་ཟླ་བའི”བྱ་སྤྱོད་སྤེལ་རིང་། ཟི་ལིང་གྲོང་ཁྱེར་གྱིས“ཉིང་ཞའོ་ཀེ”ལས་སྟེགས་ཀྱི་སེམས་དྲོས་ས་ཚིགས་དང་། “ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིར་གཅེས་སེམས་འཆང་བའི”མནའ་འབྲེལ་ཚོང་དུད་ལ་བརྟེན་ནས། ངལ་གསོ་རྒྱག་རིང་གློག་གསོག་པ་དང་འཕྲལ་སྡོམ་སྨན་སྒམ་མཁོ་འདོན་སོགས་ཀྱི་ཞབས་འདེགས་ཞུས་པ་རེད། མཚོ་ཤར་གྲོང་ཁྱེར་གྱིས་ལས་ཞུགས་རྣམ་པ་གསར་པའི་ཚོགས་སྤྱིའི་བུ་ཕྲུག་ལ་བཅོལ་ཉར་ཞབས་ཞུའི་རྣམ་གྲངས་ཁྱབ་གདལ་བཏང་ནས“གཅེས་སེམས་ཨ་མའི་ཚོགས་པ”བཙུགས་ཏེ“གཅིག་གཏད་གཅིག”གི་རོགས་སྐྱོར་བྱས་པ་རེད། “སློབ་སྦྱོང་བྱས་ནས་ཕུགས་འདུན་སྒྲུབ་པའི”བྱ་སྤྱོད་སྤེལ་རིང་མཚོ་སྔོན་གྱི་སྒོ་དབྱེའི་སློབ་ཆེན་ལ་བརྟེན་ནས་སློབ་རྒྱུས་མཐོར་གཏོང་འཛིན་གྲྭ་བཙུགས་པ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སློབ་ཡོན་ཁ་གསབ་རོགས་དངུལ་སྤྲོད་པ་དང་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་རིན་པ་མེད་པར་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད། “གསར་བརྗེའི་གཉེར་པའི”བྱ་སྤྱོད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་གྲོང་དཀྱིལ་ཆུས་ཚོད་ལྟ་བྱ་ཡུལ་དུ་བྱས་ནས། “སྡེ་ཁུལ་དུ་འཚོ་བ་སྐྱེལ་བ་དང་། སྡེ་ཁུལ་དུ་ཞབས་འདེགས་ཞུ་བ། སྡེ་ཁུལ་གྱི་ཁོངས་སུ་གཏོགས་པ”བཅས་ཀྱི་ཞབས་ཞུའི་རྣམ་པ་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།