དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་འདབ་ཆགས་རིགས་541བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲངས་གཞི་གསར་ཤོས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་དུ་ད་ཆ་འདབ་ཆགས་རིགས་541ཡོད་པ་དེ་2024ལོ་ལས་བྱིའུ་མཇུག་གྲུ་དང་། ཆུ་སྐྱ་མགོ་ཁམ་པ། ཁུ་བྱུག་འཛེར་སྒྲོག་སོགས་འདབ་ཆགས་རིགས་9མང་དུ་ཕྱིན་པ་དང་། མིག་སྔར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་རིགས་27དང་རིམ་པ་གཉིས་པའི་འདབ་ཆགས་རིགས་89ཡོད་པ་རེད།

    མཚོ་སྔོན་དུ་ལོ་ལྟར་དུས་བྱ་ཁྲི་བརྒྱ་ཕྲག་ཁ་ཤས་ངལ་གསོ་བ་དང་། རྒྱུད་སྤེལ། དགུན་སྒྲོལ་བཅས་བྱེད་པར་ཡོང་གི་ཡོད་ཅིང་། 2025ལོའི་ཟླ་10པ་ནས་བཟུང་། མཚོ་སྔོན་གྱིས་དུས་ཡུན་ཉིན་40ལྷག་ཙམ་དང་ལམ་ཐག་སྤྱི་ལེ་ཁྲི་4ལྷག་ཙམ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་དེ་འདབ་ཆགས་ཀྱི་འཚོ་གནས་ཁུལ་གལ་ཆེན་ཁག་137ལ་ཁྱབ་པ་དང་། སྟོན་དུས་གནས་སྤོ་བྱེད་པའི་རིགས་མི་འདྲ་བ་78ཀྱི་ཆུ་བྱ་མགོ་གྲངས་ཁྲི་69ལྷག་ཙམ་ལ་བརྟག་དཔྱད་ཐུབ་པ། 2026ལོར་རིགས་མི་འདྲ་བ་49ཡི་དགུན་སྒྲོལ་ཆུ་བྱ་མགོ་གྲངས་ཁྲི་5ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་ཆུ་བྱ་རིགས་7མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།