དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤུ་ཧྲེང་འགག་སྒོས་2026ལོའི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོཌ་པ་ཐོག་མ་དེ་བསུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཉེ་ཆར། བོད་ལྗོངས་སྤུ་ཧྲེང་འགག་སྒོས་2026ལོའི་རྒྱལ་ཁབ་གསུམ་པའི་ཡུལ་སྐོར་ཚོགས་པ་ཐོག་མ་དེ་བསུས་པ་དང་། ཚོགས་པ་དེའི་ཡུལ་སྐོར་བ་ཨུ་རུ་སུ་དང་། དབྱིན་ཇི། ཡུག་རེན། སུའེ་ཙེར། སེབ་རུ་སི་སོགས་རྒྱལ་ཁབ་ཁག་ནས་ཡོང་བ་རེད།

    ཡུལ་སྐོར་ཚོགས་པ་དེ་རྒྱལ་མཚམས་ནས་འཛུལ་བར་ཞབས་ཞུ་དང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་ཆེད། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སྔ་སྣུར་དུ་ཆེད་དོན་ལས་སྒྲུབ་ཇུས་གཞི་བཟོས་པ་དང་། ཞབས་ཞུ་སྒྲིག་འཛུགས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་སྟེ། ཆེད་ལས་དང་། སྤུས་ལེགས། ནུས་ཆེ་བཅས་ཀྱི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་ཚོགས་པ་བདེ་བླག་ངང་འགག་སྒོ་སྒྲོལ་བར་རམ་འདེགས་བྱས་པས། ཡུལ་སྐོར་ལས་དོན་ཁང་དང་ཚོགས་པ་དེའི་ཡུལ་སྐོར་བའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འདི་ནི་ཡུལ་སྐོར་བས་གོ་རིམ་ལྡན་པའི་ངང་འགག་སྒྲོལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།