ཧྭ་ནེང་རྫམ་ཆུ་ཤུགས་གློག་ཁང་ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་220ལྷག་ཙམ་ཟིན་པ།
ཉེ་ཆར། གསར་འགོད་པར་ཧྭ་ནེང་རྫམ་ཆུ་ཤུགས་གློག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཁང་དེས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་220ལྷག་ཙམ་ཟིན་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོག་ནས་ས་མཐོར་འོད་སྣང་སྦྱིན་ཏེ་འཁོར་སྐྱོད་བདེ་འཇགས་བརྟན་པོ་ཡོང་བར་བྱས་ཡོད།
བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་ཡིན་པའི་ཧྭ་ནེང་རྫམ་ཆུ་ཤུགས་གློག་ཁང་གིས་བོད་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་དང་ས་ཁོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགག་རྩའི་འདེགས་སྐྱོར་ཐུབ་ཡོད། གློག་ཁང་དེས་ཐོག་མཐའ་བར་གསུམ་དུ“ལག་རྩལ་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་སྔོན་ཐོན་བརྩོན་ལེན་བྱེད་པ”བཅས་དམིགས་ཡུལ་དུ་བྱས་ནས་སྒྲིག་ཆས་འཁོར་སྐྱོད་ཉམས་བཟོ་དང་ལག་རྩལ་འགག་སྒྲོལ་གཏིང་ཟབ་བྱས་པར། འཕྲུལ་ཚན་ཞིབ་བཤེར་ཉམས་བཟོ་དང་། སྒྱུར་ཆས་ཀྱི་གློག་འགོག་ཤུགས་ཆེ་རུ་གཏོང་བ། ཁབ་ལེན་མ་ལག་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་གལ་ཆེན་སྔ་རྗེས་སུ་ལེགས་གྲུབ་བྱུང་བ་མ་ཟད། སྒྲིག་ཆས་མང་པོའི་མངོན་མེད་རྐྱེན་ངན་བདེ་བླག་ངང་བསལ་བས་རྩེར་སོན་ལག་རྩལ་གྱིས་གློག་ཁང་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའང་བྱུང་ཡོད། མིག་སྔའི་བར། བདེ་འཇགས་ངང་འཁོར་སྐྱོད་བྱེད་ཚད་ཉིན་4200ཙམ་ཟིན་ནས་རང་ལྗོངས་ཀྱི་ནུས་ཁུངས་བདེ་འཇགས་ངང་མཁོ་སྤྲོད་དང་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ཡོད།
དེ་དང་ཆབས་ཅིག་གློག་ཁང་དེས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གསར་གཏོད་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ས་བབ་མཐོ་བའི་ཆུ་ཤུགས་གློག་ཁང་འཁོར་སྐྱོད་ཉམས་བཟོའི་དཀའ་གནད་འགག་གནད་དང་། ལག་རྩལ་འགག་སྒྲོལ། བཟོ་རྩལ་ལེགས་སྒྱུར། གྲུབ་འབྲས་གཞན་སྒྱུར་བཅས་ལ་དམིགས་ཏེ། འགག་རྩའི་ལག་རྩལ་ཐད་ཀྱི་ཞིབ་འཇུག་མང་པོ་སྔ་རྗེས་སུ་གཙོ་རྒོལ་ལེགས་སྒྲུབ་བྱས་ནས་ས་བབ་མཐོ་བའི་གློག་ཁང་གི་སྐྱེ་ཁམས་སྲུང་སྐྱོང་དང་ལས་གྲྭ་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་པས། དཔེ་ལྟ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་མ་དཔེ་རབ་དང་རིམ་པ་ཞིག་ཆགས་ཐུབ་པ་བྱུང་ཡོད། རང་སྐྱོང་ལྗོངས་རིམ་པའི“ཆུས་ཅ་ངལ་རྩོལ་དཔེ་བཟང་གི་བཟོ་བོ་དང་ལས་བཟོའི་གསར་གཏོད་ལས་དོན་ཁང”བདེ་བླག་ངང་བཙུགས་པའི་ཐོག སྣེ་ཁྲིད་ནས་རྒྱལ་ཡོངས་ཀྱི་ཆུ་གློག་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བ་དེས་གསར་གཏོད་དངོས་སྒྲུབ་ལ་བརྟེན་ནས་ས་མཐོའི་ཆུ་གློག་ལག་རྩལ་གྱི་མིང་བྱང་གསར་དུ་གཏོད་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།