དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚེས་16ཉིན་གྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནས་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཟླ་5ཚེས་16ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་བདུན་པའི་ཐེར་འདོན་གྱོད་གཞི་30བསྒྲུབ་རྒྱུར་རྩིས་སྤྲད་པ་དང་། དེའི་ནང་ཁ་པར་ནས་ཐེར་འདོན་བྱས་པའི་གྱོད་གཞི་25དང་། ཡི་གེ་འབྱོར་བའི་གྱོད་གཞི་5 དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་2ཡོད་པ་རེད། ད་ཐེངས་ཐེར་འདོན་བྱས་པའི་གྱོད་གཞིའི་ནང་ལྷ་ས་གྲོང་ཁྱེར་ལ་18དང་། གཞིས་རྩེ་གྲོང་ཁྱེར་ལ་2 ཉིང་ཁྲི་གྲོང་ཁྱེར་ལ་2 ཆབ་མདོ་གྲོང་ཁྱེར་ལ་6(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ནག་ཆུ་གྲོང་ཁྱེར་ལ་2(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1)བཅས་ཡོད་པ་རེད།

    ད་ཐེངས་ཀྱི་ཡིག་འབུལ་ཞུ་བཅར་ནང་སྐྱེ་ཁམས་ཁོར་ཡུག་ཐད་བཏོན་པའི་གནད་དོན་40ཡོད་པ་དང་། དེའི་ནང་རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་11 སྐྱེ་ཁམས་གཏོར་བཤིག་གི་གནད་དོན་9 ཟོག་སྙིགས་སྦགས་བཙོག་གི་གནད་དོན་6 འཛེར་སྒྲའི་གནད་དོན་6 ཆུའི་སྦགས་བཙོག་གི་གནད་དོན་5 དེ་མིན་སྦགས་བཙོག་གི་གནད་དོན་3བཅས་ཡོད་པ་རེད།

    དེ་ཉིན། གོང་གསལ་གྱི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཚང་མ་འབྲེལ་ཡོད་གྲོང་ཁྱེར་ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་རེད།

    ཟུར་མཆན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞིའི་བསྡོམས་རྩིས་རེའུ་མིག(ཁག་དང་པོ་ནས་བདུན་པའི་བར)

    ཡིག་འབུལ་ཞུ་བཅར་དང་ལེན་སྒྲུབ་སྐུལ་ཚོགས་ཆུང་ནས།

    2026ལོའི་ཟླ་5ཚེས་16ཉིན།

    འབྲེལ་ཡོད་ནང་དོན་མཁྱེན་འདོད་ན་རྩ་གཉིས་ཨང་རྟགས་བཤེར་རོགས་གནང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།