དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་བོད་ཀྱི་དམའ་དབྱིངས་ལག་རྩལ་སྤེལ་རེས་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཉེ་ཆར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཡོངས་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་དབྱི་ཀྲོའུ་རིག་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་མཉམ་དུ་གཙོ་གཉེར་བྱས་པའི“དམའ་དབྱིངས་ཀྱི་སྐོར་ལ་གླེང་མོལ་བྱེད། རིག་ནུས་ཀྱིས་ལས་རིཌ་ཀུན་དར་ལ་མཐུན་རྐྱེན་སྦྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་བོད་ཀྱི་དམའ་དབྱིངས་ལག་རྩལ་སྤེལ་རེས་ཚོགས་ཆེན་བོད་ལྗོངས་མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞིར་འཚོགས་པ་རེད།

    ད་ཐེངས་ཀྱི་སྤེལ་རེས་ཚོགས་ཆེན་གྱིས“སྲིད་ཇུས་གསལ་འགྲེལ་དང་། ལག་རྩལ་སྒྲོག་འགྲེལ། དངོས་ལྗོངས་འགྲེམས་སྟོན་གསུམ་མཉམ་དུ་འབྲེལ་བ”ལྟེ་བའི་སྒྲོམ་གཞིར་བྱས་ཤིང་། “ལག་རྩལ་སྤེལ་རེས་དང་། རྣམ་པ་ར་སྤྲོད། རྩལ་ནུས་ངོམ་སྟོན”གསུམ་མཉམ་འདྲེས་དམ་ཟབ་བྱས་པ་བརྒྱུད། སྲིད་ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་སྤེལ་རེས་མཉམ་ལས་ལས་སྟེགས་བསྐྲུན་ནས་དམའ་དབྱིངས་ཀྱི་ལག་རྩལ་དང་། སྒྲིག་ཆས། རྣམ་པ་བཅས་ས་མཐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    ཕྱི་རོལ་གྱི་དངོས་ལྗོངས་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་ལྷུ་ཚིགས་སུ་ཐད་འཕུར་གནམ་གྲུའི་འཕྲལ་སྡོམ་རོགས་སྐྱོབ་ལས་སྒྲུབ་དང་FC200ཡི་ལྗིད་ཐེག་མི་མེད་གནམ་གྲུ་རང་འགུལ་འཕུར་སྐྱོད་སོགས་ཀྱི་དངོས་འཐབ་རྣམ་པ་གཅིག་སྡུད་འགྲེམས་སྟོན་བྱས་པ་དེ་ནི་བོད་ལྗོངས་ས་ཁུལ་དུ་མི་མེད་གནམ་གྲུ་མང་པོས་མཉམ་དུ་ལས་སྒྲུབ་དང་རིག་ནུས་ལས་སྒྲུབ་བྱེད་པའི་ནུས་པ་བརྒྱུད་རིམ་ལྡན་པའི་ངང་ཐོག་མར་མངོན་པ་ཞིག་ཡིན་ཞིང་། དེས་འཕྲལ་སྡོམ་རོགས་སྐྱོབ་དང་། དངོས་ཟོག་སྐྱེལ་སྤྲོད། ས་གཤིས་ཐིག་ལེན། གློག་ཤུགས་ལས་སྒྲུབ། ནགས་ལས་ཁོར་ཡུག་སྲུང་སྐྱོང་སོགས་ས་མཐོའི་རྣམ་པར་དོན་ཐོག་ཏུ་འཁྱོལ་ཐུབ་པའི་ལག་རྩལ་གྱི་ཇུས་གཞི་མཁོ་འདོན་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།