དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་དྲ་སྦྲེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་10.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-17

    འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ལ་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་5027བྱུང་ཡོད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ལ་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་5027བྱུང་བ་དེ་དུས་མཚུངས་ལས་10.6%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར་ཁེ་སྤོགས་བསྡོམས་འབོར་འཕར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་དྲ་སྦྲེལ་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་558.4ཟིན་ནས་དུས་མཚུངས་ལས་60.5%འཕར་ཡོད། ཞིབ་འཇུག་གསར་སྤེལ་ལ་གྲོན་དངུལ་གཏོང་ཚད་ཅུང་མགྱོགས་པོ་འཕར་བ་རྒྱུན་འཁྱོངས་བྱུང་ཤིང་། གཞི་ཁྱོན་ཡན་གྱི་དྲ་སྦྲེལ་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་གྲོན་དངུལ་ཁྱོན་སྒོར་དུང་ཕྱུར་273.2བཏང་བ་དེ་དུས་མཚུངས་ལས་16.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།