ཟླ་བ་དང་པོ་ནས་བཞི་པའི་བར།
རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་13.5%འཕར་བ།
འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་16.23ཟིན་པ་དེ་དུས་མཚུངས་ལས་14.9%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་9.33ཟིན་ནས་11.3%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་6.9ཟིན་ནས་20%འཕར་ཡོད་པ་རེད།
ཚོང་དོན་རོགས་ཟླའི་ངོས་ནས་བལྟས་ན། ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.75ཟིན་ནས་15.7%འཕར་བ་དང་། རང་རྒྱལ་དང་ཡོ་རོབ་མནའ་འབྲེལ་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.01ཟིན་ནས་13.2%འཕར་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྱོན་སྒོར་དུང་ཕྱུར་ཁྲི་8.28ཟིན་ནས་13.5%འཕར་ཡོད། ཚོང་དོན་བྱེད་སྟངས་ནས་བལྟས་ན། ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་སྤྱིར་བཏང་གི་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་9.82ཟིན་ནས་8.5%འཕར་ཡོད། ལས་སྣོན་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.08ཟིན་ནས་21.3%འཕར་ཡོད། ཁྲལ་སྲུང་ཟོག་འགྲུལ་ཕྱིར་གཏོང་ནང་འདྲེནབྱེད་ཚད་སྒོར་དུང་ཕྱུར་ཁྲི་2.81ཟིན་ནས་38.7%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།