དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་པ།

    ཚན་རྩལ་དང་ཀུན་ཕན་དངུལ་བུན་ཚང་མ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-17

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཟླ་བ་དང་པོ་ནས་གསུམ་པའི་བར་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་སྙན་ཞུའི་ནང་མངོན་པར། འདི་ལོ་ཚུན་དུ་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་ཡོད།

    དངུལ་རྩའི་བསྡོམས་འབོར་ལུགས་མཐུན་ངང་འཕར་ཞིང་། ཟླ་བ་གསུམ་པའི་ཟླ་མཇུག་ཏུ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་བསགས་འབོར་དང་ཁྱབ་ཆེའི་དངུལ་ལོར་མཁོ་སྤྲོད་བྱེད་ཚད(M2)དུས་མཚུངས་ལས་7.9%དང་8.5%སོ་སོར་འཕར་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཆ་རྐྱེན་ཅུང་ལྷུག་ཏུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ལོ་རྒྱུས་ཐོག་ཅུང་དམའ་བའི་ཆུ་ཚད་དུ་གནས་པ་དང་། ཟླ་བ་3པར་ཁེ་ལས་ཀྱི་དངུལ་བུན་སྐྱེད་ཚད་གསར་པ་དང་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་སྐྱེད་ཚད་ཚང་མ་3.1%ཡས་མས་ཟིན་ཡོད། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ནས་ཟླ་བ་གསུམ་པའི་ཟླ་མཇུག་ཏུ་ཚན་རྩལ་དངུལ་བུན་དང་། ལྗང་མདོག་དངུལ་བུན། ཀུན་ཕན་དངུལ་བུན། རྒན་གསོའི་ཐོན་ལས་དངུལ་བུན། གྲངས་འཛིན་དཔལ་འབྱོར་ཐོན་ལས་དངུལ་བུན་བཅས་དུས་མཚུངས་ལས་13.7%དང་། 17.6% 10.5% 26.3% 22.4%བཅས་སོ་སོར་འཕར་ནས་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་སྟེ་དངུལ་བུན་ཡོངས་ཀྱི་འཕར་ཚད་ལས་རྒྱུན་མཐུད་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།