དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོ་ཉོ་སྒྲུབ་ཀྱི་དུས་ཚིགས་ཡག་ཤོས་སུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-17

    གསར་འགོད་པར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། དབྱར་འབྲུ་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ཞིང་། སྔོན་དཔག་བྱས་ན་ད་ལོའི་གྲོ་ཉོ་སྒྲུབ་ཀྱི་དུས་ཚིགས་ཡག་ཤོས་སུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ཙམ་ཟིན་རྒྱུ་ཡིན་པ་དེས་ཐོན་འབབ་ཀྱི་བཅུ་ཆ་བདུན་ཙམ་བཟུང་ནས་ལོ་གོང་མ་དང་གཞི་རྩའི་ཆ་ནས་མཚུངས་ཡོད་པ་རེད། མིག་སྔར་ཐོན་ཁུལ་གཙོ་བོའི་གྲོ་ཉོ་སྒྲུབ་ཀྱི་ཆ་སྙོམས་རིན་གོང་རྒྱ་མ་རེར་སྒོར་1.25ཡིན་པ་དེ་རྒྱལ་ཁབ་ཀྱིས་ཡོངས་བསྒྲགས་བྱས་པའི་ཉོ་སྒྲུབ་རིན་གོང་དམའ་ཤོས་རྒྱ་མ་རེར་སྒོར་1.19ཡི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབྱར་འབྲུ་ཉོ་སྒྲུབ་ལས་དོན་གྱི་ཇུས་གཞི་བཟོས་ཏེ། ཐབས་ལམ་མང་པོར་བརྟེན་ནས་འབྲུ་རིགས་ཉོ་སྒྲུབ་ཀྱི་མ་དངུལ་འགན་ལེན་བྱེད་པ་དང་འབྲུ་རིགས་ཉོ་སྒྲུབ་མཛོད་ཁང་གི་ཤོང་ཚད་སྔ་སྣུར་དུ་གྲ་སྒྲིག་ཡག་པོ་བྱས་ནས། འབྲུ་རིགས་མཛོད་ཉར་དང་བེད་སྤྱོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཡོད། མིག་སྔར། ས་གནས་ཁག་གིས་དབྱར་འབྲུ་ཉོ་སྒྲུབ་ཀྱི་མཛོད་ཁང་གི་ཤོང་ཚད་ཏུན་དུང་ཕྱུར་1.1གྲ་སྒྲིག་བྱས་པས་ཞིང་པའི་འབྲུ་རིགས་ཚོང་བའི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར་སྤྱི་འདོམས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་ར་ཅན་གྱི་ཉོ་སྒྲུབ་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ཞིང་པར་ཞབས་འདེགས་ཞུ་བ་དང་ཉོ་སྒྲུབ་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་འགོ་བཙུགས་ཏེ། དབྱར་འབྲུ་ཉོ་སྒྲུབ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་པའི“འབྲུ་རིགས་ཚོང་ཐུབ་པའི”མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས། འབྲུ་རིགས་ཀྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    གྲོ་ནི་རང་རྒྱལ་འབྲུ་རིགས་ཀྱི་སྣ་ཁ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ལོ་རེར་ཐོན་འབབ་ཏུན་དུང་ཕྱུར་1.4ཡས་མས་ཟིན་པ་དང་མཁོ་ཚད་ཏུན་དུང་ཕྱུར་1.3ཡས་མས་ཟིན་ནས་ཐོན་འབབ་དགོས་མཁོ་ལས་མང་བ་ཡོད། ཟླ་བ་ལྔ་པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་གྲོ་ཐོན་ཁུལ་གཙོ་བོར་གཅིག་སྡུད་བརྔ་བསྡུའི་དུས་ཚིགས་འཆར་གྱི་ཡོད། དབྱར་འབྲུ་བསྡུ་མང་ཤོས་ཀྱི་དུས་ཚིགས་ཟླ་བ་ལྔ་པའི་ཟླ་མཇུག་ནས་འགོ་བཙུགས་ཏེ་ཟླ་བ་དགུ་པའི་ཟླ་མཇུག་ཏུ་མཇུག་འགྲིལ་གྱི་ཡོད། བཀོད་གཏོང་ལ་གཞིགས་ན། ད་ལོའི་དབྱར་འབྲུ་བསྡུ་བའི་དུས་ཚོད་ལོ་གོང་མ་དང་བསྡུར་ན་གཟའ་འཁོར་གཅིག་ཡས་མས་ནར་འགྱངས་བྱུང་བ་དང་ཧུའུ་པེ་དང་སི་ཁྲོན་སོགས་ས་ཁུལ་གྱི་དབྱར་འབྲུ་ཁྲོམ་རར་ཐར་ཐོར་བཏོན་ཡོད། ཉེ་དུས། གྲོའི་ཁྲོམ་རར་སྤྱི་ཡོངས་ནས“ཁྲོམ་རའི་ཉོ་ཚོང་གཉིས་ཀ་ཤུགས་ཆེ་རུ་ཕྱིན་པ་དང་རིན་གོང་འཁོར་སྐྱོད་བརྟན་པོ་ཡོད་པའི”ཁྱད་ཆོས་མངོན་ཡོད། གཉེར་སྐྱོང་བྱེད་པོས་གྲོ་གསར་པར་གཙོ་གནད་ཐོག་དོ་སྣང་བྱེད་ཀྱི་ཡོད་པས་འབྲུ་རིགས་ཉོ་ཚོང་བྱེད་པོ་དང་འབྲུ་རིགས་སྤྱོད་མཁན་ཁེ་ལས་ཁག་གཅིག་གིས་སྔ་སྣུར་དུ་མཛོད་ཁང་གཤོང་བ་དང་ཉོ་སྒྲུབ་ཀྱི་གྲ་སྒྲིག་ཨང་བསར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།