དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་17གྱིས་སྔོན་ལ་རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-17

    ཚེས་14ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱིའི་ཇུས་གཞི་བཟོས་ནས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་དང་། ལས་འགན་གཙོ་བོ། གསར་གཏོད་ཐབས་ལམ་བཅས་ཁ་གསལ་བཟོས་ཡོད། ཞབས་ཞུའི་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་ཀྱི་ཚོད་ལྟའི་རྨང་གཞིའི་ཐོག དགོས་མཁོས་སྣེ་ཁྲིད་དང་། སྒྱུར་བཅོས་འགག་སྒྲོལ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། སྒོ་དབྱེ་མཉམ་ལས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཞི་ཁྱོན་མདུན་གྲལ་དུ་སླེབས་པ་དང་། རྩེར་སོན་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུས་པ། གསར་གཏོད་ནུས་པ་མངོན་གསལ་དོད་པ། ཚོང་དོན་ཐོན་ལས་མཉམ་དུ་འགུལ་བ། ཁྱབ་འགྱེད་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཞབས་ཞུའི་ཚོང་དོན་གྱི་སྒོ་དབྱེ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཁག་གཅིག་མུ་མཐུད་སྐྲུན་པ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཞབས་ཞུ་ཕྱིར་གཏོང་ཁེ་ལས་དང་ཞབས་ཞུའི་ཐོན་ལས་གཙོ་གནད་ཁག་གཅིག་སྐྱེད་སྲིང་བྱེད་པ། གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་ལུགས་མ་ལག་དང་ཚོང་གཉེར་ཁོར་ཡུག་སྔར་བས་འཐུས་སྒོ་ཚང་པོ་ཞིག་ཆགས་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱ་རྒྱུ་རེད།

    ཚོང་དོན་པུའུ་ཡིས་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཁྲུང་ཆིང་། ཏ་ལེན། ཞ་མོན་སོགས་ས་ཁུལ་17དུ་གཞན་གྱི་སྔོན་ལ་དཔེ་སྟོན་ཁུལ་བསྐྲུན་ནས་2035ལོར་སླེབས་སྐབས་དཔེ་སྟོན་ཁུལ་35བསྐྲུན་རྒྱུ་ཡིན་པ་རེད། ཐོན་ལས་འཁོར་འབྲེལ་གྱི་མཁོ་སྤྲོད་གསར་གཏོད་འཚོལ་ཞིབ་དང་། གཉེར་སྐྱོང་བྱེད་པོའི་འགྲན་རྩོད་ལེགས་ཆ་སྐྱེད་སྲིང་། ཐོན་སྐྱེད་རྒྱུ་རྐྱེན་ནུས་ཆེའི་མཁོ་སྤྲོད་ལ་སྐུལ་འདེད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད། མངའ་ཁོངས་ཕྱི་ནང་གི་ཡར་སྐུལ་མ་ལག་གསར་འཛུགས་སོགས་ཀྱི་ཐད་ཧེ་བག་ཅན་གྱི་འཚོལ་ཞིབ་བྱེད་རྒྱུ་རེད། དུས་མཚུངས་སུ་ས་གནས་ཀྱིས་ཐོན་ཁུངས་ཀྱི་རང་སྤུས་དང་ས་བབ་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ། ཞབས་ཞུའི་ཚོང་དོན་དང་། མ་འཇོག འཛད་སྤྱོད། ཐོན་ལས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱ་རྒྱུ་རེད། གོམ་སྟབས་རྗེས་མར། ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་དང་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་གཞན་དག་གིས་དཔེ་སྟོན་ཁུལ་འཛུགས་གཏོད་རེ་ཞུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།