དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་ཞབས་པ་བསྡོམས་འབོར་ཁྲི་606.2ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-17

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་སྨན་ཞབས་པའི་དཔུང་ཁག་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་ཞིང་། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་ཞབས་པ་བསྡོམས་འབོར་ཁྲི་606.2ཟིན་པ་དེ་2020ལོ་ལས་ཁྲི་135ཙམ་འཕར་བ་དང་འཕར་ཚད་29%ཙམ་ཟིན་ཡོད། མི་སྟོང་རེར་ཐོ་འགོད་བྱས་པའི་སྨན་ཞབས་པ་གྲངས་འབོར་2020ལོའི་མི་3.34ནས་2025ལོའི་མི་4.32བར་མང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྨན་ཞབས་པའི་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་འཇོན་ཐང་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་། ཆེད་ཚན་སློབ་གྲྭ་ཆེན་མོ་ཡན་གྱི་སློབ་རྒྱུས་ལྡན་པའི་སྨན་ཞབས་པས་80%ལྷག་ཙམ་བཟུང་ཡོད། དྲག་སྐྱེད་དང་། རྒན་རྒོན། བྱིས་ནད་ཚན་ཁག ནད་ལྕིའི་ལྟ་སྐྱོང་། འགོ་ནད་སོགས་ནད་སྐྱོང་བའི་ཆེད་ལས་ཧ་ཅང་དཀོན་པའི་སྨན་ཞབས་པ་གསོ་སྦྱོང་ལ་ཞུགས་པའི་བསྡུར་ཚད་90%ལྷག་ཙམ་ཟིན་ཡོད། ནད་སྐྱོང་ཞབས་ཞུ་མུ་མཐུད་ལེགས་འགྱུར་དང་ནད་སྐྱོང་ཞབས་ཞུ་ལེགས་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་ཆེད། རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་བཙུགས་སྨན་ཁང་ཁྲོད་ནས་94%ཙམ་གྱིས་སྤུས་ལེགས་ནད་སྐྱོང་ཞབས་ཞུ་སྤེལ་བ་དང་། རིམ་པ་གཉིས་པ་དང་དེའི་ཡན་གྱི་སྨན་ཁང་གིས་རྒྱུན་མཐུད་རང་བཞིན་གྱི་ནད་སྐྱོང་ཞབས་ཞུ་མཁོ་འདོན་བྱས་པའི་ནད་ཁུལ་གྱིས་བཟུང་བའི་བསྡུར་ཚད་85%ལྷག་ཙམ་ཟིན་པ། ནད་པ་སྨན་ཁང་ནས་དོན་རྗེས་ཀྱི་རྒྱུན་གཏན་གྱི་ནད་སྐྱོང་དང་། ཆེད་དམིགས་ནད་སྐྱོང་གི་གནད་དོན་ཐག་གཅོད་བྱས་ཡོད། སྨན་བཅོས་ལས་ཁུངས་ཁ་ཤས་ཀྱིས་ནད་པར་ནད་གཡོག་མི་དགོས་པའི་ཞབས་ཞུ་ཚོད་ལྟ་ཧུར་ཐག་བྱས་ནས། “ནང་མི་གཅིག་སྨན་ཁང་དུ་སྡོད་དགོས་ན་ནང་མི་ཚང་མར་དཀའ་ལས་བཟོ་བའི”དཀའ་གནད་བསལ་ཡོད། ནད་སྐྱོང་གི་ཁྱབ་ཁོངས་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་ནས། རྒན་རྒོན་བདག་སྐྱོང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་དོན་འཁྱོལ་ཇེ་མགྱོགས་གཏོང་བ་དང་། རྒན་རྒོན་གྱི་བདག་སྐྱོང་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ། “དྲ་སྦྲེལ+ནད་སྐྱོང་ཞབས་ཞུ”ཟུང་འབྲེལ་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་རྒན་རྒོན་གྱི་ཁྱིམ་སྡོད་ནད་སྐྱོང་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།