དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་ཧོ་ནན་དུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-17

    ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་·ཧོ་ནན་གྱི་ལེའུ”ཧོ་ནན་ཨན་དབྱང་དུ་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས“འབྱུང་ཁུངས་གཅིག་པ། ཁྱིམ་གཞིས་གཅིག་པ། འདུན་པ་གཅིག་པ”བཅས་བརྗོད་དོན་གཙོ་བོ་དང་མང་ཚོགས་བྱེད་པོར་བྱས་ཏེ། དམངས་སྲོལ་འགྲེམས་འཁྲབ་དང་། རིག་གནས་ཉམས་ལེན། རྗེས་ཤུལ་ཞིབ་སྦྱོང་། བརྗོད་དོན་གཙོ་བོའི་སློབ་གསོ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས། ཧོ་ནན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་སྐུལ་འདེད་གཏོང་བའི་ཐད་ཀྱི་གསར་གཏོད་ལག་ལེན་དང་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དེ་2023ལོར་གསར་གཏོད་བྱས་ནས་སྤེལ་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ས་གནས་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། རྣམ་པ་སྣ་ཚོགས། རྒྱ་ཆེར་ཞུགས་པ་བཅས་ཀྱི་བྱེད་སྒོ་སྣ་ཚོགས་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་སྐུལ་འདེད་གཏོང་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།