ཨན་ཧུའེ་ཁྲེ་ཀྲོའུ་རུ་གྲོང་གསེབ་ཀྱི“མཚན་མོའི་དཔལ་འབྱོར”གྲ་རྒྱས་པ།

འདི་ནི་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་ལྟ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་ཁག་དྲུག་པའི་གྲས་ཡིན་པའི་ཨན་ཧུའེ་ཞིང་ཆེན་ཁྲེ་ཀྲོའུ་གྲོང་ཁྱེར་ཅིའུ་ཧྭ་ཧྲན་རི་བོའི་མཛེས་ལྗོངས་ཁུལ་ཅིའུ་ཧྭ་ཤང་ལའོ་ཐེན་གྲོང་ཚོས་ཡུལ་དེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་ནས“ཟ་ཉོ་སྐོར་རྩེད་བཞིའི”སྣ་མང་གི་མཚན་མོའི་འཛད་སྤྱོད་ལས་རྣམ་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། དབྱིངས་ཞུགས་རྣམ་པའི་ལས་རྣམ་རིག་གནས་ཉམས་ལེན་བྱ་ཡུལ་བཏོད་ནས་གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར་ལ་སྐུལ་འདེད་བཏང་བས“མཚན་མོའི་དཔལ་འབྱོར”རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།