ནགས་ཁྲོད་དཔལ་འབྱོར་ལས་མང་ཚོགས་ལ་འབབ་འཕར་བྱུང་བ།
—— སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་ར་མོ་ཤག་ཆེན་ཐོན་ལས་ཀྱིས་གྲོང་རྡལ་སྟོབས་ཆེར་གཏོང་བར་རམ་འདེགས་བྱས་པ།
སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ལ་གོ་ལ་ཧྲིལ་པོར་མཐོང་དཀོན་པའི་རི་སྐྱེས་ར་མོ་ཤག་ཆེན་གྱི་སོན་རྒྱུའི་ཐོན་ཁུངས་ཡོད་པ་དང་གྲོང་རྡལ་གྱི་རྟེན་གཞིས་བོད་ཀྱི་རི་སྐྱེས་ར་མོ་ཤག་ཆེན་གྱི་སོན་རྒྱུའི་ཐོན་ཁུངས་202འཚོལ་བསྡུ་དང་ཉར་ཚགས་བྱས་ཡོད། ལེཌ་ཆ་དེར་བརྟེན་ནས་ཁྲབ་རྨོག་རྫོང་གིས་སྣེ་འདྲེན་ཁེ་ལས་བོད་ལྗོངས་སྤོ་བོའི་ས་མཐོའི་ར་མོ་ཤག་ཆེན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་ར་མོ་ཤག་ཆེན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་བཏོད་པ་རེད།
ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་པིན་གྱིས“ང་ཚོའི་ར་མོ་ཤག་ཆེན་གདོད་མའི་ནཌ་ཚལ་ཁུལ་དུ་སྐྱེས་པ་ཤ་སྟག་ཡིན་པས། སྤུས་ཀ་ཧ་ཅང་ཡག་པོ་ཡོད། 2025ལོར་སྤོ་བོ་རྫོང་གིས་ར་མོ་ཤག་ཆེན་མུའུ་2900འདེབས་འཛུཌ་བྱས་པ་དང་ལོ་དེར་ར་མོ་ཤག་ཆེན་སོས་པ་རྒྱ་མ་ཁྲི་30ཐོན་ནས་ཐོན་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད”ཅེས་ངོ་སྤྲོད་བྱས།
ར་མོ་ཤག་ཆེན་ལས་སྣོན་འཁོར་ཁང་དུ་སྐྱོད་སྐབས། བཟོ་པས་ར་མོ་ཤག་ཆེན་སོས་པར་དབྱེ་འབྱེད་དང་། གཙང་བཟོ། བཏུབ་པ་བཅས་བྱེད་བཞིན་འདུག “ད་ཆ་ཀུང་སིས་ར་མོ་ཤག་ཆེན་ལས་སྣོན་དང་། མཛོད་འཇུག གྲང་ཕྲེང་བཅས་ཀྱི་སྒྲིག་ཆས་སྤྱད་དེ་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་དང་མཁོ་སྤྲོད་དུས་ཐོག་ཏུ་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཏུན་ཆང་གིས་ངོ་སྤྲོད་བྱས།
2025ལོར། སྤོ་བོ་རྫོང་གི་ར་མོ་ཤག་ཆེན་ཐོན་ལས་གསུམ་པའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི་8700ཟིན་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3000ཟིན་ཡོད། རག་མོ་ཤག་ཆེན་ལྷེབ་ལྷེབ་དང་ར་མོ་ཤག་ཆེན་གྱི་ཨ་རག་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཕྱིར་ཚོང་གི་དངུལ་འབོར་སྒོར་ཁྲི་758ཟིན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཚོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྤོ་བོའི་ར་མོ་ཤག་ཆེན“ཡུལ་ཟོག་ཁྱད་ལྡན་ཐོན་རྫས”ནས“གསེར་གྱི་མིང་བྱང”ལྟ་བུར་འགྱུར་བཞིན་ཡོད།
ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས“རྐོ་མ་འཁྱེར་ནས་ར་མོ་ཤག་ཆེན་བཀོག་པའི་མྱོང་རོལ་དེ་ཧ་ཅང་ཡག་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད།
ན་ནིང་ཁྲབ་རྨོག་གྲོང་རྡལ་གྱིས“ཤེས་བྱའི་འཆད་ཁྲིད་དང་། ས་གནས་ས་ཐོག་གི་ལྟ་སྦྱོང་། ནགས་ཁྲོད་སྔོག་འཐུ་བཅས་ཟུང་དུ་འབྲེལ་བའི”ར་མོ་ཤག་ཆེན་གྱི་རིག་གནས་ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཡུལ་སྐོར་བ་3500ལ་སྣེ་ལེན་ཞུས་ཡོད། ར་མོ་ཤག་ཆེན་སྔོག་འཐུའི་དུས་ཆེན་གཉེར་བ་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
ཁྲབ་རྨོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ཀྲའོ་ཞོན་ཧོ་ཡིས“ང་ཚོས་ཐོན་རྫས་འཚོང་དགོས་ལ་དེ་བས་མྱོང་རོལ་མཉམ་སྤྱོད་དང་རིག་གནས་ཁྱབ་གདལ་ཡག་པོ་གཏོང་དགོས། ‘སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར’བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7གྱི་སྲིད་འཛིན་གྲོང་ཚོ་36གི་ཞིང་འབྲོག་པ་500ལྷག་ཙམ་ར་མོ་ཤག་ཆེན་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པར། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2300ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད།
2025ལོར་སྤོ་བོ་རྫོང་གི་ར་མོ་ཤག་ཆེན་ཐོན་ལས་ལ་གྲོང་གསེབ་དར་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་བའི་འཆར་གཞི་སྟེ། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་བའི་སྤུས་ལེགས་གདམ་གཞིའི་བྱ་དགའ་ཐོབ་པ་མ་ཟད། 《ཀྲུང་གོའི་ཞིང་ལས་ཀྱི་དོན་ཆེན་ཟིན་ཐོའི》དཔེ་མཚོན་གྱི་ནང་དུ་ཚུད་ཡོད། དུས་དེ་ནས་བཟུང་། སྤོ་བོ་རྫོང་གི་ར་མོ་ཤག་ཆེན་རྒྱལ་ཡོངས་སུ་དར་བ་དང་། “ང་ཚོས‘ཚན་རིག་ཞིབ་འཇུག་དང་། འདེབས་འཛུགས། ལས་སྣོན། རིག་གནས་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི’ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་མུ་མཐུད་བཏང་ནས། མང་ཚོགས་དེ་བས་མང་བར་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་ཀྲའོ་ཞོན་ཧོ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།