དུས་ཚིགས་དང་པོར་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་ཁྲི་ལྔ་བརྒྱ་ལྷག་ཙམ་ཟིན་པ།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕར་བ།
ཚེས་13ཉིན་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་ཁྲི་509.8ཟིན་པའི་ནང་གསར་དུ་བཙུགས་པའི་ཁེ་ལས་ཁྲི་207.4དང་གསར་དུ་བཙུགས་པའི་ཁེར་རྐྱང་བཟོ་ཚོང་བ་ཁྲི་301.4ཟིན་ཞིང་། གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་ནས་དཔལ་འབྱོར་གྱི་འགོ་ཡག་པོ་འཛུགས་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཐོན་ལས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོར་གསར་དུ་བཙུགས་པའི་ཐོན་ལས་དང་པོའི་གཉེར་སྐྱོང་བྱེད་པོ་ཁྲི་22.9དང་། ཐོན་ལས༢་གཉིས་པར་ཁྲི་39.6 ཐོན་ལས་གསུམ་པར་ཁྲི་447.3བཅས་ཟིན་ཡོད། ཟླ་3པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི“གསར་བཞིའི”(ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ། རྣམ་པ་གསར་པ)བཅས་ཐོ་གཞུང་དུ་བཀོད་པའི་དཔལ་འབྱོར་ཁེ་ལས་ཁྲི་2684.8ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ནས་ཁེ་ལས་བསྡོམས་འབོར་གྱི་40.9%བཟུང་ཡོད།
བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཁེ་ལས་རིམ་འཇུག་རིམ་སྤོར་བྱས་ཤིང་། དུས་ཚིགས་དང་པོར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་དེའི་ཁྲོད་དུ“འདུས་གྲུབ་གློག་ལམ་བཟོ་སྐྲུན”ལ་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་དུས་མཚུངས་ལས་31.0%འཕར་བ་དང་། “རིག་ནུས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན”15.7%འཕར་ཡོད། “སྒྲིག་བཀོད་བཟོ་སྐྲུན་ལས་རིགས”ལ་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་ཁྲི་7.0ཟིན་པའི་ནང“ལྕགས་ལམ་དང་། གྲུ་གཟིངས། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད། སྐྱེལ་འདྲེན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཞན་དག”བཅས་དུས་མཚུངས་ལས་10.6%འཕར་ཡོད།
ཞབས་ཞུའི་ལས་རིགས་ཀྱི་འབྲེལ་ཡོད་ཁེ་ལས་ལ་ནུས་སྐྱེད་སྤུས་ལེགས་བྱུང་ཞིང་། དུས་ཚིགས་དང་པོར་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་ཁྲི་53.5ཟིན་པའི་ནང“ཞིབ་དཔྱད་ཚད་ལེན་ཞབས་ཞུར”གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་8064ཟིན་པ་དེ་དུས་མཚུངས་ལས་30.8%འཕར་ནས་ཐོན་ལས་ཀྱི་སྤུས་ལེགས་རིམ་སྤོར་ལ་སྤུས་ཚད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། “ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཞབས་ཞུར”གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་ཁྲི་22.6ཟིན་པ་དེ་དུས་མཚུངས་ལས་7.56%འཕར་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པར་གཞན་སྒྱུར་གྱི་བགྲོད་ལམ་སྔར་བས་ཤར་གཏོང་བྱས་ཡོད།
ཕྱི་རྒྱལ་གྱིས་མ་འཇོག་ཁེ་ལས་རྒྱུན་མཐུད་མང་དུ་སོང་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི་1.6ཟིན་པ་དེ་དུས་མཚུངས་ལས་10.0%འཕར་ཡོད། “ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས”དང“རིག་གནས་དང་། ལུས་རྩལ། རོལ་རྩེད་ལས་རིགས”བཅས་ལ་མ་འཇོག་གཅིག་སྡུད་བྱས་པ་དང་། གསར་བཙུགས་འཕར་ཚད་16.9%དང་15.0%སོ་སོར་ཟིན་ཏེ་ཀྲུང་གོའི་ཚོང་རའི་ཡིད་དབང་འགུག་ཤུགས་གང་ལེགས་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།