དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་7ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-16

    རང་རྒྱལ་གྱི་གཞོན་ནུ་ལུས་རྩལ་པས་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པ་དང་དགུན་དུས་དབང་སྐྱོན་ཨོ་ལིམ་ལིག་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱ་ཆེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སུའུ་ཡུས་མིང་དང་། ཝང་ཤིང་ཏི། ཏང་ཧོ་སུང་། ཝང་ཐའོ། ཡུས་ཧྲོང་། ལིའུ་ཙེ་ཤུད། ཅི་ལི་ཅཱ་སོགས་གཞོན་ནུ་ལུས་རྩལ་པ་7ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲད་པ་དང་། ཝང་གཡོད་དང་ཉིང་ཀྲུང་ཡན་སོགས་ལུས་རྩལ་པར་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་གཞན་དག་རག་པས་བསྐྱར་དུ་སྤྲད་མེད་པ་རེད།

    གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རང་རྒྱལ་གྱི་ལུས་རྩལ་པ་ཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་དོན། ཁོང་ཚོས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱེད་པའི་ཕུགས་བསམ་ཆེན་པོ་བཅངས་ཏེ། ཕུལ་བྱུང་བརྩོན་ལེན་དང་ལས་འགན་ཆུད་ཟོས་སུ་མི་གཏོང་བའི་གཞོན་ནུའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འབད་བརྩོན་ལྷོད་མེད་དང་རང་ཉིད་ལས་ཚད་བརྒལ་ཡོང་བའི་སྙིང་སྟོབས་དང་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།