དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་ཕི་ཁེ་སྤོ་ལོ་མཛའ་མཐུན་འགྲན་བསྡུར་ནང་ཀྲུང་གོའི་དང་ཨ་རིའི་བདམས་ཐོན་པས་སྤོ་ལོ་རྒྱག་བྱད་གཏུགས་ནས་ཕན་ཚུན་ལ་སྐུལ་ལྕག་བྱེད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-16

    ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ནན་ཧུའུ་མཚེའུ་ཡི་འགྲམ་ངོགས་སུ། ཧྲང་ཡིའུ་རྫོང་གི་སྐྱེ་ཁམས་ཕི་ཁེ་སྤོ་ལོ་ལུས་རྩལ་ལྟེ་གནས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ཉིན་ཤས་གོང་དེ་གར་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཅང་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2026ལོའི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་ཕི་ཁེ་སྤོ་ལོ་མཛའ་མཐུན་འགྲན་བསྡུར་བྱས་པ་རེད། ཀྲུང་གོ་དང་ཨ་རིའི“ཕིང་ཕང་ཕྱི་འབྲེལ”མྱོང་བརྒྱུད་པ་ཀྲུའུ་ཏི·ཧོ་ཧྥུའུ་ལུའོ་སི་ཐེས་སྣེ་ཁྲིད་པའི་ཨ་རིའི་ཨེ་ལེ་ཀང་མཛའ་གྲོགས་ཕི་ཁེ་སྤོ་ལོ་འཐུས་མི་ཚོགས་པ་དང་ཡིའུ་ཐ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཕི་ཁེ་སྤོ་ལོ་རུ་ཁག དེ་བཞིན་ཀྲུང་གོ་ནས་ཡོང་བའི་ཕི་ཁེ་སྤོ་ལོའི་ལུས་རྩལ་པ་དང་ཀྲུང་གོར་ཡོད་པའི་ཨ་རིའི་ཁེ་ལས་ཀྱི་འཐུས་མི་100ལྷག་བྱེད་སྒོར་ཞུགས་པ་རེད། འདི་ནི་2026ལོའི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་ཕི་ཁེ་སྤོ་ལོ་མཛའ་མཐུན་འགྲན་བསྡུར་ནང་ཀྲུང་གོའི་དང་ཨ་རིའི་བདམས་ཐོན་པས་སྤོ་ལོ་རྒྱག་བྱད་གཏུགས་ནས་ཕན་ཚུན་ལ་སྐུལ་ལྕག་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།