དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ ཁམས་བཟང”དང“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོ་པར་ཙིར་དུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲེང་པའོ་ལུའོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་12ཉིན། “ཀྲུང་གོ ཁམས་བཟང”དང“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོ་པར་ཙིར་གྱི་གྲོང་ཁྱེར་ཧྲེང་པའོ་ལུའོ་རུ་སྤེལ་ཞིང་། ཀྲུང་གོ་དང་པར་ཙིར་གྱི་སྐུ་མགྲོན་ཚོས་ཇ་ལ་བརྟེན་ནས་གྲོགས་པོ་འགྲིག་ཅིང་། ཇ་ཡི་དྲི་ཞིམ་ཁྲོད་དུ་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ་དང་། པར་རིས་དང་བརྙན་ལམ་བརྒྱུད་ཀྲུང་གོའི་བརྗིད་ཆགས་ལྟ་ན་སྡུག་པའི་རི་ཀླུང་ལ་མྱོང་རོལ་བྱས་པ། ཁྲུའུ་ཚལ་བརྒྱུད“ཀྲུང་གོའི་བྲོ་བ”ལ་མྱོང་རོལ་བྱས་པ་རེད།

    “ཀྲུང་པར་རིག་གནས་ལོའི”སྒྲོམ་གཞིའི་འོག་གི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། ས་གནས་ས་ཐོག་ཏུ“ཀྲུང་གོ ཁམས་བཟང”དང་། “ཇ་སྟོན་བཤམས། གནམ་འོག་མཐུན” “ཀྲུང་གོའི་བྲོ་བ”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཆེན་པོ་གསུམ་མཉམ་འདྲེས་བྱས་ཤིང་། པར་ཙིར་གྱི་སྐུ་མགྲོན་ཚོས་པར་རིས་དང་། བརྙན་ལམ། ཡུལ་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་བཅས་ལ་ལྟ་ཀློག་བྱས་པ་བརྒྱུད། ཀྲུང་གོའི་བརྗིད་ཆགས་ལྟ་ན་སྡུག་པའི་རི་ཀླུང་དང་གཏིང་ཟབ་པའི་མི་ཆོས་རིག་གནས་ལ་ཉམས་ལེན་བྱས་པ་མ་ཟད། ལུང་ཅིང་དང་། ཝུ་ལུང་། ཇ་དཀར་སོགས་ཀྲུང་གོའི་གྲགས་ཅན་གྱི་ཇ་བཏུངས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་ཇའི་རིག་གནས་ལ་ཉམས་ལེན་བྱས་པ་དང་། ཧོ་པེའི་ཁྱད་ལྡན་ཁྲུའུ་ཚལ་གྱི་བྲོ་བ་བལྟས་པ་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་བྲོ་བའང་མྱོང་རོལ་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།