དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཤང་ཀང་རྒྱལ་སྤྱིའི་ལག་རྟགས་འགྲེམས་སྟོན་ཐོག་བསྟན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཤང་ཀང་གི་ལག་རྟགས་དང་འབུལ་རྟེན་འགྲེམས་སྟོན་སྐབས་41པ་ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁེ་ལས་ལེགས་གྲས་ལྔ་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ཞུགས་པ་དང་། ལག་ཤེས་རྐྱང་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་མང་པོ་ཞིག་འགྲེམས་སྟོན་བྱས་ཤིང་། ས་མཐོའི་ཁྱད་ཆོས་ལྡན་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་སྙིང་སྟོབས་ལ་གོ་ལ་ཧྲིལ་པོའི་ཚོང་པའི་དོ་ཁུར་ཐོབ་པ་མ་ཟད། མཉམ་ལས་ཀྱི་འདོད་འདུན་ཡང་མང་པོ་བྱུང་བ་རེད།

    ཤང་ཀང་གི་ལག་རྟགས་དང་འབུལ་རྟེན་འགྲེམས་སྟོན་དེ་ཤང་ཀང་ཚོང་དོན་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཨེ་ཤེ་ཡ་དང་ཐ་ན་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་ལག་རྟགས་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཀྱི་གྲས་ཤིག་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས་དུས་གཅིག་ལ་ཆེད་དོན་འགྲེམས་སྟོན་ཁག་བདུན་བྱས་ནས། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་འགྲེམས་ཚོང་པ་5600ཙམ་གཅིག་སྡུད་བྱས་ཏེ། ཐོན་རྫས་གསར་པ་ཡོངས་བསྒྲགས་དང་། ལས་རིགས་སྤེལ་རེས། ཚོང་དོན་སྦྲེལ་མཐུད་བཅས་གཞི་གཅིག་ཏུ་འདུས་པས། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ལྟེ་བའི་ལས་སྟེགས་ཤིག་རེད།

    རྨ་ལྷོའི་འགྲེམས་སྟོན་དངོས་པོ་ཚང་མ་ལག་ཤེས་རྐྱང་པའི་ཐོན་རྫས་ཡིན་པ་དང་ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་ནང་རེབ་གོང་གི་ཐང་ག་དང་། བོད་རིགས་ཀྱི་སྨན་སྤོས། གཅན་ཚའི་འབྲུ་སྣའི་རི་མོ། ཕྱིང་གདན། རྡོ་བརྐོས་སོགས་ཚུད་ཡོད། བརྩམས་ཆོས་ཚང་མའི་ནང་རྨ་ལྷོའི་སྲོལ་རྒྱུན་ལག་རྩལ་གྱི་སྙིང་བཅུད་འདུས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་སྤུས་ཀ་དང་གསར་རྩོམ་ཇུས་འགོད་དེ་འགྲེམས་སྟེགས་ཀྱི་གཙོ་གནད་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།