དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཅིབ་ཀྱི་ཙུང་ལིས་བརྗོད་དོན།

    ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུའུ་ལི་ཡིས། ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཤིན་ཧྭ་གསར་འགྱུར་ཁང་དང་མཉམ་དུ་གསར་འགྱུར་མཉམ་ལས་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྔར་བས་སྤེལ་འདོད་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་མཱ་ཏེ་པུའུ་ལི་ཡིས་ཁེ་རོ་རུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་རྩེར་སོན་གླེང་སྟེགས་ཀྱི་ཀྲུང་གོ་དང་ཨ་རབ་རོགས་ཟླའི་ཚོགས་ཆེན་ལ་ཞུགས་མཁན་ཤིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་དང་མཇལ་འཕྲད་གནང་སྐབས། ད་ལོ་ནི་ཨེ་ཅིབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཆུ་བོའི་རྒྱུན་བཞིན་རིང་པོ་ཡོད། ཙུང་ཐུང་སའེ་ཤིས་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་ཁབ་གཉིས་པོས་2014ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་པོས་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། དེའི་ནང་སྨྱན་སྦྱོར་གྱི་ཉམས་མྱོང་སྤེལ་རེས་དང་གསོ་སྦྱོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་མཉམ་འབྲེལ་རིག་གནས་བྱེད་སྒོ་སྤེལ་བ་སོགས་ཚུད་དགོས་ཞེས་བརྗོད་པ་རེད།

    ཧྥུའུ་ཧྭ་ཡིས། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀ་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་པོ་ནི་གཡོ་ལང་ཆེ་བའི་འཛམ་གླིང་དུ་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་འགག་རྩའི་སྟོབས་ཤུགས་རེད། ཤིན་ཧྭ་གསར་འགྱུར་ཁང་ནི་ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་གྲོགས་དང་མཉམ་ལས་ཀྱི་ལྷག་བསམ་རྣམ་དག་གི་དཔང་པོ་བྱེད་མཁན་དང་། ཟིན་ཐོ་འགོད་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་པས། སྔར་རྒྱུན་བཞིན་ལུགས་མཐུན་དང་དྲང་གཞག་ངང་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་གཏོང་སྤེལ་བྱེད་པ་དང་ཨེ་ཅིབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་མ་ཟད། ལག་རྩལ་དང་མི་སྣ་སོགས་ཐད་ཀྱི་ཨེ་ཅིབ་ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་ལས་རིགས་གཅིག་པ་དང་མཉམ་དུ་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། འཛམ་གླིང་གི་གླེང་རར་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྐད་སྒྲ་མཉམ་དུ་གྲགས་ནས་མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ནུས་འདོན་གྱི་ཡིན་ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།