དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་ཁྱིམ་ཚང་གི་འཛད་སྤྱོད་གཏོང་སྒོ་ཟླ་4བསྟུད་མར་དུས་མཚུངས་ལས་ཆག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་12ཉིན། རི་པིན་སྤྱི་གཉེར་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་འབྲས་བུ་ལས་མངོན་པར། ཟོག་གོང་འཕར་བ་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གི་ཤུགས་རྐྱེན་ཕོག་པའི་དབང་གིས་རི་པིན་ཁྱིམ་ཚང་གི་འཛད་སྤྱོད་གཏོང་སྒོ་དངོས་ད་ལོའི་ཟླ་3པར་ཟླ་བཞི་བསྟུད་མར་དུས་མཚུངས་ལས་ཆག་པ་དང་རི་པིན་ཁྱིམ་ཚང་གི“དངུལ་གྲོན་ཆུང”གི་ལྟ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་3པར། རི་པིན་དུ་མི་གཉིས་དང་དེ་ཡན་ཡོད་པའི་ཁྱིམ་ཚང་གི་ཟླ་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་དུས་མཚུངས་ལས་1.3%ཆག་པ་དང་། ཟོག་གོང་གི་རྒྱུ་རྐྱེན་ཕུད་རྗེས་དོན་དངོས་ཐོག་དུས་མཚུངས་ལས་2.9%ཆག་པ་དང་ཁྱིམ་ཚང་གི་འཛད་སྤྱོད་དངོས་ན་ནིང་གི་ཟླ་12པ་ཚུན་དུ་ཟླ་4བསྟུད་མར་དུས་མཚུངས་ལས་ཆག་ཡོད། ཁྱིམ་ཚང་འཛད་སྤྱོད་ཀྱི་ལྟ་བ་མཚོན་པའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་82.7%བར་ཆག་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་7.2ཆག་ཡོད། གཏོང་སྒོ་དངོས་ནས་བལྟས་ན། འགྲིམ་འགྲུལ་འཕྲིན་གཏོང་དང་བཟའ་བཅའི་གཏོང་སྒོ་ཆག་པ་ནི་འཛད་སྤྱོད་ལ་ཞོར་འདྲུད་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འགྲིམ་འགྲུལ་འཕྲིན་གཏོང་གི་གཏོང་སྒོ་དུས་མཚུངས་ལས་16.8%ཆག་པ་དེ་ཟླ་4བསྟུད་མར་ཆག་ཡོད། བཟའ་བཅའི་འཛད་སྤྱོད་གཏོང་སྒོ་དུས་མཚུངས་ལས་2.9%ཆག་པ་དེ་ཟླ་གཉིས་བསྟུད་མར་ཆག་པའི་ནང་ཨ་རག་རིགས་ཀྱི་གཏོང་སྒོ་དུས་མཚུངས་ལས་19.8%ཆག་ནས་ཟླ་12བསྟུད་མར་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།