ཀྲུང་གོ་དང་ཨ་རིས་ཧན་གོར་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་13ཉིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་པེ་སེན་ཐེ་དང་ཧན་གོར་དཔལ་འབྱོར་ཚོང་དོན་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་དང་དངོས་སྒྲུབ་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བར་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་སྤེལ་རེས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།