ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
《ཇུས་གཞིར》གཞིགས་ན། ཆེད་དོན་བྱ་སྤྱོད་ཀྱིས་ལས་ཁུངས་ཀྱི་ཆོག་འཐུས་ནན་པོ་དང་། ཁས་ལེན་དཔང་འདོན་གྱི་བྱེད་སྒོ་ཚད་ལྡན། ཁས་ལེན་དཔང་འདོན་གྱི་ནུས་པ་ཆེར་གཏོང་། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ཞིབ་ཕྲའི་བྱེད་ཐབས་ཁག་15བཏོན་ཡོད་པ་རེད།
ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་འོས་ཐོབ་ལ་ཆོག་འཐུས་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་བྱང་ཚད་ལ་ཞིབ་བཤེར་ནན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁྲིམས་ལྟར་ཆོག་འཐུས་ཞིབ་བཤེར་ནན་པོ་བྱེད་པ་དང་། ཁས་ལེན་དཔང་འདོན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱིས་ཁས་ལེན་དཔང་འདོན་གྱི་སྒྲིག་སྲོལ་གཅིག་གྱུར་ཐོག་ཁྱབ་སྤེལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁས་ལེན་དཔང་འདོན་བྱེད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བར་ཤུགས་རྒྱག་རྒྱུ། སྤུས་རྟགས་ཁས་ལེན་དཔང་འདོན་གྱི་ལས་ཁུངས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁས་ལེན་བྱེད་པའི་ཆེད་དོན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁས་ལེན་དཔང་འདོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། ཁས་ལེན་དཔང་འདོན་གྱི་བྱེད་སྒོའི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་རིག་ལྡན་ལྟ་འདོམས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས། ཁས་ལེན་དཔང་འདོན་གྱི་ཞབས་ཞུའི་ལས་རིགས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།