དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  2026ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།   |     སྤེལ་དུས།  2026-05-15

     ཚེས་10ཉིན། 2026ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ་རེད། ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་ནི་སློབ་གསོ་པུའུ་སོགས་སྡེ་ཚན་དགུ་ཡིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། ད་ལོའི་བརྗོད་དོན་གཙོ་བོ་ནི“ལག་རྩལ་སྣ་གཅིག་ཤེས་ན་ཚེ་གང་སེམས་ཁྲལ་མེད”ཅེས་པ་དེ་ཡིན་པ་དང་ཟླ་5ཚེས་16ཉིན་བར་རྒྱུན་མཐུད་གཉེར་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་བྱེད་སྒོའི་གཟའ་འཁོར་ལ“ཉིན་བདུན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཉིན་མོ”བཀོད་སྒྲིག་བྱས་པ་དེ་དག་ནི། ལས་རིགས་སློབ་གསོའི་སྒྱུར་བཅོས་བགྲོ་གླེང་ཉིན་མོ་དང་། ལག་རྩལ་སྦྱངས་ནས་ཤེས་ལྡན་པར་འགྱུར་བར་བྱེད་པའི་སྒྲོག་འགྲེལ་ཉིན་མོ། ཐོན་སློབ་མཉམ་འདྲེས་ཀྱི་དཔེ་སྟོན་ཉིན་མོ། འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཉིན་མོ། ལས་རིགས་རྩལ་ནུས་ཉམས་ལེན་ཉིན་མོ། ལས་རིགས་སློབ་གསོའི་དང་བླངས་ཞབས་ཞུའི་ཉིན་མོ་བཅས་དང་། དེ་བཞིན་ས་གནས་ཀྱི་ཁྱད་ལྡན་བྱེད་སྒོའི་ཉིན་མོ་ཡིན་པ་དང་། བྱེད་སྒོའི་གཟའ་འཁོར་རིང་ཉིན་ལྟར་བྱེད་སྒོ་ཡོད་པ་དང་ལྟད་མོ་ཆེན་པོ་ཡོད་པས། ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་ཐུབ་ཡོད་པ་རེད།

    བྱེད་སྒོའི་གཟའ་འཁོར་རིང་སློབ་གསོ་པུའུ་སོགས་སྡེ་ཚན་དགུ་ཡིས་ལས་རིགས་སློབ་གསོའི་འཆད་ཁྲིད་ཆེ་མོ་དང་། “སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཁྲོད་ཀྱི་ལས་རིགས་སློབ་གསོའི”སྲིད་གཞུང་དང་། ལས་རིགས། ཁེ་ལས། སློབ་གྲྭ་བཅས་ཀྱི་འཐུས་མིའི་རིམ་སྤེལ་བགྲོ་གླེང་། “རྩལ་ནུས་ཀྱིས་མདུན་ལམ་གསལ་སྟོན་བྱེད་པའི”གསོ་སྦྱོང་བྱ་སྤྱོད་ཀྱི་དྲིལ་བསྒྲགས་སོགས་རྒྱལ་ཡོངས་རང་བཞིན་གྱི་བྱེད་སྒོ་ཁག་14སྤེལ་རྒྱུ་རེད།

    ཟླ་5ཚེས་10ཉིན། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་འཆད་ཁྲིད་ཆེ་མོ་དང་2026ལོའི་ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་རུ་འཚོགས་པ་དང་། ས་གནས་ས་ཐོག་ཏུ་ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དུས་གཅིག་ཏུ་བཀོད་སྒྲིག་བྱས་ཏེ། ཡོན་ཧྲི་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་བཅས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས། ཀོང་ཏུང་དང་། ཤང་ཀང་། ཨོ་མོན་བཅས་ས་ཁུལ་གསུམ་གྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་སློབ་གཉེར་ཁྱད་ཆོས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།