དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཚོད་ལྟ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    ཟླ་5ཚེས་12ཉིན། ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་གྱི་མེ་འཁོར་ཐེངས་གྲངས་DJ(འགུལ་རྣམ་ཞིབ་བཤེར)602ཧྲའན་ཤིས་ཤིས་ཨན་འབབ་ཚུགས་ཤར་མ་ནས་ཐོན་འགོ་ཚུགས་ཏེ་ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་བརྒྱུད་ཆིན་ལིན་བརྒལ་ནས་ཧུའུ་པེ་ཧྲི་ཡན་འབབ་ཚུགས་ཤར་མར་འབྱོར་བ་དེ་ཐོག་ནས་ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་ཚོད་ལྟ་བྱེད་འགོ་ཚུགས་པ་དང་ལམ་ཐིག་ཧྲིལ་པོའི་སྙོམས་སྒྲིག་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རིམ་གལ་ཆེན་བྱུང་སྟེ་རྗེས་མཐུད་ཀྱི་ཚོད་ལྟའི་འཁོར་སྐྱོད་དང་མེ་འཁོར་གཏོང་འགོ་འཛུགས་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་མཚོན་ཡོད།

    ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ཐིག་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཤིས་ཨན་ནས་ཧྲི་ཡན་བར་ཆུ་ཚོད་གཅིག་ནང་འབྱོར་ཐུབ་པ་དང་ཤིས་ཨན་ནས་ཝུའུ་ཧན་བར་ཆུ་ཚོད་གཉིས་དང་ཕྱེད་ཀའི་གཡས་གཡོན་དུ་འབྱོར་ཐུབ་ནས་ཆིན་པ་རི་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱེད་པ་དང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་བྱས་པའི་མེ་འཁོར་ཐེངས་གྲངས་DJ602ཤིས་ཨན་འབབ་ཚུགས་ཤར་མ་ནས་ཐོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།