དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐོན་མང་བའི་གྲངས་གཞི་ལས་མངོན་པར།

    ཟླ་བ་བཞི་པར་རང་རྒྱལ་གྱི་ཁྱབ་ཁོངས་གསར་ཤོས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    ཟླ་བ་4པར་དྲ་ཕྱིའི་འཛད་སྤྱོད་གཏོང་སྤྲོད་ཀྱི་དངུལ་འབོར་དུས་མཚུངས་ལས་1.7%འཕར་བ་དང་ཚོང་ཟོག་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་2.7%འཕར་བ་དང་། ཕྱི་ཕྱོགས་ཚོང་དོན་ཐད། ཟླ་བ་4པར་གྲུ་ཁ་གཙོ་བོའི་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཀྱི་གྲུ་ཁ་ནས་ཐོན་པའི་ཐེག་ཚད་དུས་མཚུངས་ལས་42.1%འཕར་བ་དང་འཕར་ཚད་ཟླ་བ་3པ་ལས་བརྒྱ་ཆའི་གྲངས་41.7མཐོ་རུ་ཕྱིན་པ། བཟོ་ལས་ཐད། ཟླ་བ་4པར་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་བྱེད་མང་བའི་སྟོན་གྲངས་དུས་མཚུངས་ལས་0.6%འཕར་བ་བཅས་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཐོན་མང་བའི་གྲངས་གཞི་ལས་མངོན་གསལ། ཟླ་བ་4པར་རང་རྒྱལ་གྱི་ཁྱབ་ཁོངས་གསར་ཤོས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་བ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མ་རྩ་བསྡུ་ནུས་མངོན་གསལ་དོད་པ་བཅས་རེད། ཟླ་བ་4པར་མི་ཐབས་རིག་ནུས་དང་འཕྲུལ་མི་སོགས་ཁྱབ་ཁོངས་གསར་ཤོས་སུ་མ་འཇོག་དངུལ་འབོར་དུས་མཚུངས་ལས་175.2%འཕར་བ་དང་། གྲངས་གཞི་དང་། རྩིས་ནུས། དྲ་རྒྱ་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་འོས་ཐོབ་དངུལ་འབོར་དུས་མཚུངས་ལས་61.7%འཕར་ཡོད་པ་རེད།

    འཛད་སྤྱོད་ཐད། ཟླ་བ་4པར་དྲ་ཕྱིའི་འཛད་སྤྱོད་གཏོང་སྤྲོད་ཀྱི་དངུལ་འབོར་དུས་མཚུངས་ལས་1.7%འཕར་བ་དང་ཚོང་ཟོག་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་2.7%འཕར་བ་དང་། ཕྱི་ཕྱོགས་ཚོང་དོན་ཐད། ཟླ་བ་4པར་གྲུ་ཁ་གཙོ་བོའི་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཀྱི་གྲུ་ཁ་ནས་ཐོན་པའི་ཐེག་ཚད་དུས་མཚུངས་ལས་42.1%འཕར་བ་དང་འཕར་ཚད་ཟླ་བ་3པ་ལས་བརྒྱ་ཆའི་གྲངས་41.7གྱིས་མཐོ་བ་ཡོད་པ། བཟོ་ལས་ཐད། ཟླ་བ་4པར་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་བྱེད་མང་བའི་སྟོན་གྲངས་དུས་མཚུངས་ལས་0.6%འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།