དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྙན་ཐུང་ནང་དོན་གྱི་ཟུར་མཆན་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

     ཚེས་12ཉིན། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བརྙན་ཐུང་ཁག་གཅིག་གི་ནང་དོན་གྱི་ཡོང་ཁུངས་གསལ་པོ་མེད་པ་དང་། བདེན་རྫུན་དབྱེ་འབྱེད་དཀའ་བ། བདེན་རྫུན་མཉམ་བསྲེས་ཀྱི་མཐོང་ཐོས་འཁྲུལ་དུ་འཇུག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། འདི་ལོ་ནས་བཟུང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྙན་ཐུང་ནང་དོན་གྱི་ཟུར་མཆན་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཟླ་བ་དང་པོ་ནས་བཟུང་། དྲ་ཚིགས་ལས་སྟེགས་ལ་མཛུབ་ཁྲིད་བྱས་ནས་སྒྲིག་འགལ་གྱི་བརྙན་ཐུང་ཁྲི་52ལྷག་ཙམ་གཙང་བཤེར་གཏིང་ཟབ་བྱས་པ་དང་། སྒྲིག་འགལ་རྩིས་ཁྲའི་ཨང་གྲངས་ཁྲི་6.8ལྷག་ཙམ་ལ་ཆད་པ་ནན་པོ་བཅད་པ། བཅོས་སྒྲིག་སྤྱི་བསྒྲགས་ཐེངས་54སྤེལ་བ་མ་ཟད། དཔེ་མཚོན་གྱོད་དཔེ་གཅིག་སྡུད་ཐོག་དམར་རྗེན་དུ་བཏོན་པ་རེད། ཟླ་བ་3པར་ཁྱུག་དབྱིངས་དང་། འཁྱུག་ལག ཐེང་ཤུན། ཞའོ་ཧུང་ཧྲུའུ། པི་ལི་པི་ལི། དཔོད་ཕྲན། ཐའོ་པའོ། ཅིང་ཏུང་། ཕན་ཏོག་ཏོག གཏོང་སྤྲོད་འབོ། མོས་འདེམས། འབེལ་འདུ་བཅས་ལས་སྟེགས་12སུ་སྔོན་ལ་ཚོད་ལྟ་བྱེད་པར་མཛུབ་ཁྲིད་བྱས་ཏེ་ནང་དོན་གྱི་ཟུར་མཆན་དང་མཆན་རྟགས་འཐུས་སྒོ་ཚང་དུ་བཏང་ནས་ནང་དོན་གྱི་ཟུར་མཆན་ནུས་པ་ལེགས་སུ་གཏོང་བ་དང་ཚད་ལེན་ཚོད་ལྟ་བྱས་པ་རེད།

    ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ལས་སྟེགས་12ཀྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ས་གནས་ཁག་གི་དྲ་ཚིགས་ལས་སྟེགས་ཁག་གིས་ལས་དོན་ཁག་གསུམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱས་པ་སྟེ། བརྙན་ཐུང་ནང་དོན་གྱི་ཟུར་མཆན་དང་མཆན་རྟགས་ཚད་ལྡན་དུ་བཏང་ནས་དྲ་ཚིགས་ལས་སྟེགས་ཀྱིས་ངེས་པར་དུ་སྤྱོད་མཁན་ལ“ངེས་པར་དུ་འདེམས་དགོས་པའི་མཆན་རྟགས”རིགས་6མཁོ་འདོན་བྱེད་དགོས་པ་མ་ཟད། རང་ངོས་ཀྱི་དོན་དངོས་ལ་གཞིཌ་ནས“འདེམས་ཆོག་པའི་མཆན་རྟགས”གཞན་དག་མཁོ་འདོན་བྱེད་དགོས་པ་ཁ་གསལ་བཏོན་པ་དེའི་ནང“ངེས་པར་དུ་འདེམས་དགོས་པའི་མཆན་རྟགས”ནང“རྟོག་བཟོ་དང་རྣམ་འབྱེད་ཀྱི་ནང་དོན་ལྡན་པ”དང“AIལས་གྲུབ་པའི་ནང་དོན་ལྡན་པ”“ཚོང་གཉེར་ཆ་འཕྲིན་ལྡན་པ”“ནང་དོན་བརྒྱུད་འགོད་བྱས་པ” “ནང་དོན་མི་སྒེར་གྱི་ལྟ་སྟངས་ཡིན་པ” “ཟུར་མཆན་འགོད་མི་དགོས་པ”བཅས་ཚུད་པ་དང་། འཚོ་བའི་ཟིན་ཐོ་དངོས་བཀོད་པའི་རིགས་ཀྱི་བརྙན་ཐུང་ཡིན་ཕྱིན“ཟུར་མཆན་འགོད་མི་དགོས”མཆན་རྟགས་འདེམས་ཆོག་པ་དང་མཆན་རྟགས་དེ་བརྙན་ཐུང་གི་དྲ་ངོས་སུ་མངོན་གྱི་མེད། ནང་དོན་གྱི་ཟུར་མཆན་དེ་བརྙན་ཐུང་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལྷུ་ཚིགས་སུ་བཀོད་པ་དང་བརྙན་ཐུང་གཏོང་མཁན་གྱིས་ངེས་པར་དུ“ངེས་པར་དུ་འདེམས་དགོས་པའི་མཆན་རྟགས”ནང་ནས་རྣམ་གྲངས་གཅིག་བདམས་ཚེ་གཞི་ནས་བརྙན་ཐུང་གཏོང་ཐུབ། གསར་དུ་བསྣན་པའི་བརྙན་ཐུང་གི་ཟུར་མཆན་འགོད་ཚུལ་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གསོག་འཇོག་བྱས་པའི་བརྙན་ཐུང་ལ་ཁག་བགོས་ཕྱིར་ལྟ་བྱས་ཏེ་ཟུར་མཆན་ཚད་ལྡན་བཀོད་མེད་པའི་བརྙན་ཐུང་ཡིན་ན་ཟུར་མཆན་ཁ་གསབ་བམ་ཡང་ན་ཡོ་བསྲང་བྱེད་པ་དང་སྦྲགས། འབྲེལ་ཡོད་བརྙན་ཐུང་གཏོང་མཁན་ལ་སློབ་གསོ་དང་ཉེན་བརྡ་བཏང་ནས་བརྙན་ཐུང་གི་ནང་དོན་ལ་ཟུར་མཆན་འགོད་དགོས་རིགས་ཚང་མར་ཟུར་མཆན་འགོད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།