དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་བཟའ་བཅའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་6.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    གསར་འགོད་པར་ཚེས་12ཉིན་འཚོགས་པའི་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་བཟའ་བཅའི་བདེ་འཇགས་མཉམ་ལས་གླེང་སྟེགས(FSCF)ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་བཟའ་བཅའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5948.6ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ་དང་། དེའི་ནང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4092.2ཟིན་པ་དེ་དུས་མཚུངས་ལས་8.8%འཕར་བ་དང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1856.4ཟིན་པ་དེ་དུས་མཚུངས་ལས་1.9%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱིས་APECཡི་དཔལ་འབྱོར་སྒྲིག་གཞི་གཞན་དག་གི་བཟའ་བཅའ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3503.8ཟིན་པ་དེས་རྒྱལ་ཡོངས་ཀྱི་བཟའ་བཅའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱི་58.9%བཟུང་ཡོད།

    དེའི་ཁྲོད་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་2298.3དང་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་1205.5ཟིན་ནས། ཤ་རིགས་དང་། འོ་མའི་རིགས། ཨ་རག་རིགས་བཅས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་214.8དང་། སྒོར་དུང་ཕྱུར་201.1 སྒོར་དུང་ཕྱུར་118.3བཅས་སོ་སོར་ཟིན་ཡོད་པ་རེད།

    བཟའ་བཅའི་བདེ་འཇགས་ནི་ཐོག་མཐའ་བར་གསུམ་དུ་APECམཉམ་ལས་ཁྲོད་ཀྱི་འགག་རྩའི་གྲོས་དོན་ཞིག་རེད། མིག་སྔར་མི་ཐབས་རིག་ནུས་དང་། ཚན་ཚན་ཕྲེང་འབྲེལ། གྲངས་གཞི་ཆེན་པོ་བཅས་མཚོན་བྱེད་དུ་བྱེད་པའི་ལག་རྩལ་གསར་པས་བཟའ་བཅའི་བདེ་འཇགས་ཀྱི་བཅོས་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་ཁག་གི་ཐོན་ཁུངས་རང་སྤུས་དང་། འཕེལ་རྒྱས་དུས་མཚམས། བཅོས་སྐྱོང་བྱེད་སྟངས་བཅས་གཅིག་པ་མིན། ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱིས་དཔལ་འབྱོར་སྡེ་གཞི་ཁག་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་གསར་བརྗེ་དང་ལྟ་འདོམས་གསར་གཏོད་ལ་བརྟེན་པ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་གྲངས་རིག་ནུས་ཆེར་བརྟེན་ནས་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། སྒྲིག་སྲོལ་སྦྲེལ་མཐུད་དང་ཚད་ལྡན་ཁས་ལེན་བྱེད་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་ཡོངས་བསྒྲགས་ཀྱི་ས་ཁོངས་བཟའ་བཅའི་ཚོང་དོན་མ་ལག་གཏོད་པ། ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། ཚོང་དོན་དེ་བས་ཤར་བགྲོད་ཐུབ་པ་དང་འཛད་སྤྱོད་པ་སྔར་བས་བློ་བདེ་ཡོང་བ་བྱ་རྒྱུ། ནུས་པ་མཉམ་འཛུགས་དང་མཐུན་སྦྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་དང་ཚོང་དོན་སྟབས་བདེ་ཅན་གྱི་རྨང་གཞི་བརྟན་དུ་བཏང་ནས། རྒྱལ་སྤྱིའི་ཞིང་ལས་དང་བཟའ་བཅའ་ཚོང་དོན་གྱི་བདེ་འཇགས་རྨང་གཞི་མཉམ་དུ་བརྟན་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།