ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས།
ཞིང་འབྲོག་མང་ཚོགས་ལ་དམངས་དོན་གྱི་གྱོད་འབྲེལ་དངུལ་སྤྲད་པ།

འདི་ནི་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་སྒྱུར་མི་སྣས་དམངས་དོན་གྱོད་འབྲེལ་དངུལ་སྤྲོད་པའི་ལས་ཀ་སྒྲུབ་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་དོན་གྱོད་འབྲེལ་དངུལ་སྤྲོད་པའི་ཚོགས་ཆེན་འཚོགས་ནས་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོའི་དུད་ཚང་36གི་མང་ཚོགས་ལ་འཕྲུལ་ཆས་འགན་ལེན་གྱི་གྲོན་དངུལ་ཁྱོན་བསྡོམས་སྒོར་ཁྲི་13.62སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྩོད་གཞི་དེ་དག་ནི་ཡུལ་རྩྭའི་སྣ་ཁ་གསོ་སྤེལ་རྣམ་གྲངས་ལས་བྱུང་བའི་གན་རྒྱ་ལག་བསྟར་གྱི་རྩོད་གཞི་ཞིག་རེད། རྣམ་གྲངས་ལག་བསྟར་བྱེད་རིང་ཕྱོགས་གཉིས་པོའི་དོ་བདག་དབར་གན་རྒྱ་ལག་བསྟར་བྱེད་སྐབས་ལྟ་ཚུལ་གཅིག་མཐུན་མ་བྱུང་བས་དུད་ཚང་36གི་མང་ཚོགས་ཀྱི་འཕྲུལ་ཆས་འགན་ལེན་གྲོན་དངུལ་ཡུན་རིང་སྤྲོད་མ་ཐུབ་པར་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་པས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཡོད་པ་རེད།
གྱོད་གཞི་ཞིབ་གཅོད་མི་སྣས་གྱོད་གཞིའི་དོན་དངོས་དང་ཕྱོགས་གཉིས་པོའི་རེ་ཞུ་གཙོ་བོར་དམིཌ་ཏེ་ངང་རྒྱུད་རིང་པོས་ཁྲིམས་ལུཌ་དང་གནས་ལུཌ་གསལ་བཤད་བྱས་པ་དང་། ཕན་ཚུན་གྲོས་མོལ་བྱེད་པའི་མཐུན་རྐྱེན་བསྐྲུན་པས་མཐར་ཞུ་སྦྱོར་སྔ་མ་དང་ཕྱི་མ་ཕྱོགས་གཉིས་པོའི་དབར་རང་མོས་འདུམ་འགྲིག་གི་གྲོས་མཐུན་གྲུབ་པ་མ་ཟད། འཕྲལ་དུ་ལག་བསྟར་བྱེད་པའི་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱས་པས། གྱོད་མཇུག་འགྲིལ་བ་དང་མི་ཕན་ཚུན་འཆམ་མཐུན་བྱུང་སྟེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད་པ་རེད།
ད་ཐེངས་ཀྱི་དོན་རྐྱེན་ཁྲོད་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་བྱ་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱས་པ་མ་ཟད། གྱོད་འབྲེལ་དངུལ་དུས་ཐོག་ཏུ་སྤྲད་པས། དོ་བདག་གཏུག་བཤེར་ཆེད་དུ་འགྲོ་རྒྱུག་བྱེད་ཚད་ཉུང་དུ་ཕྱིན་པ་མ་ཟད། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ཡང་སྲུང་སྐྱོང་ཡག་པོ་ཐུབ་ནས་ཁྲིམས་འཛིན་གྱི་ལས་ཕྱོད་དང་ཁྲིམས་འཛིན་ལ་སྤྱི་མོས་ཐོབ་ཚད་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།