དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འགྲན་བསྡུར་བྱེད་སར་བཅའ་ཁྲིམས་ཁྱབ་གདལ་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉིན་ཤས་གོང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྤེལ་བའི་སྐབས་དང་བསྟུན་ནས། འགྲན་བསྡུར་སྤེལ་ཡུལ་དུ“ཧྥེང་ཆའོ་རྣམ་པའི”འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་བཙུགས་པ་དང་། “སྒར་རེས་རྣམ་པའི”ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྲིམས་འཛིན་ཞབས་ཞུ་རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ཡོད།

    ད་ཐེངས་ཀྱི་བྱེད་སྒོས་སྲོལ་རྒྱུན་གྱི་བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་གཞི་རིམ་གྱི་རིག་རྩལ་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ“མང་ཚོགས་གང་དུ་ཡོད་ན་དེ་གར་བཅའ་ཁྲིམས་ཁྱབ་གདལ་གཏོང་ཐུབ་པ”བྱས་པས་བཅའ་ཁྲིམས་ཞབས་ཞུའི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་ཡོད།

    འདི་ནི་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་མང་ཚོགས་ཀྱི་དོགས་གཞིར་ལན་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།