ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྱད་ལྡན་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་རྟགས་ལེ་ཚན་བཏོད་པ།
“ཨ་ཞང་གིས་ཁྲིམས་ལུགས་གླེང་བ”ཞེས་པའི་ལེ་ཚན་གྱིས་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་མཐུན་རྐྱེན་བསྐྲུན་པ།
ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཁྲིམས་འཛིན་ཅུས་ཀྱིས་ད་ལོ་ཚུན་དུ་དེ་སྔའི“‘ཨ་ཞང’ཁྲིམས་རའི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་ས་གནས་དེ་རང་གི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་རྟགས་ལེ་ཚན་ཏེ“ཨ་ཞང་གིས་ཁྲིམས་ལུགས་གླེང་བ”ཞེས་པ་གསར་དུ་བཏོད་པ་དེཉིད་རྫོང་དེས་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད།
ལེ་ཚན་ནང་མི་རིགས་ཀྱི་རྒྱན་གོས་སྤྲས་པ་དང་། གཟུགས་བརྙན་བབ་ཆགས་ལ་ལྟ་བཟོ་དོད་པ། ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་དང་འཚམ་པའི་འགུལ་རིས་མི་སྣ“ཨ་ཞང”གསར་བཞེངས་བྱས་ཏེ་ས་གནས་དེ་རང་གི་ཡུལ་སྐད་ཐོག་ནས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་པ་དང་། སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་དོན་ཚན་དག་གསོན་ཉམས་དོད་ལ་གོ་སླ་བའི་ཉེ་འགྲམ་གྱི་གཏམ་རྒྱུད་ཀྱི་ལམ་ནས་སྐད་ཡིག་གི་བཀག་རྒྱ་དང་ཤེས་རྟོགས་ཀྱི་འགོག་རྐྱེན་གང་ཡང་མེད་པར་བཟོས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་བརྒྱུད་རིམ་ནང་ཁྲིམས་སྐྱོང་གི་ཤུགས་རྐྱེན་དང་ལེན་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་ཐུབ་པར་བྱས་ཡོད།
“ཨ་ཞང་གིས་ཁྲིམས་ལུགས་གླེང་བ”ཞེས་པའི་ལེ་ཚན་གྱིས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་བརྗོད་དོན་གཙོ་བོ་གནད་སྨིན་བཟོས་ཤིང་། དུས་ཐེངས་དང་པོ་དང་གཉིས་པར་དྲ་རྒྱའི་གཏུམ་སྤྱོད་དང་གན་རྒྱའི་མགོ་སྐོར་སོགས་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པ་རེད། དེའི་ནང་དོན་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གྱོད་དཔེ་ཁ་གསལ་ལ་གོ་བདེ་བ། ཁྲིམས་གཞིའི་འགྲེལ་བཤད་གནད་ལ་འཁེལ་བ་བཅས་ཀྱི་ཁྱད་ཆོས་བཟང་པོ་ལྡན་པས། ཁྱབ་གདལ་བཏང་མ་ཐག་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ནས་མང་ཚོགས་ཀྱིས་དྲ་རྒྱའི་དབང་ཆར་གནོད་འཚེ་གཏོང་བར་དོགས་ཟོན་དང་གན་རྒྱའི་དོང་རྙི་དབྱེ་འབྱེད་བྱེད་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་ཡོད།
ལེ་ཚན་དེ་བཟོ་སྐབས“མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ན་བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་དེ་གར་འཇོག་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“དགོས་མཁོ་བསྡུ་རུབ་དང་། གྱོད་དཔེ་གདམ་གསེས། ནང་དོན་གསར་གཏོད། ཁྱབ་གདལ་ཁྱབ་སྤེལ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལས་ཀའི་གདུབ་ཟུམ་བསྐྲུན་ཡོད། དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་དང་གྲོང་ཚོ་རིམ་པའི་སྐད་འཕྲིན་ཚོགས་པས་དྲ་ཐོག་ནས་བསྡུ་རུབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོ་གནད་སྨིན་ཤེས་རྟོགས་བྱས་ཏེ། ཟླ་རེར་ཐོན་ཐེངས་མང་བའི་བཅའ་ཁྲིམས་ཀྱི་གནད་དོན་རིགས་གསུམ་ལ་དམིགས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་རབ་དང་རིམ་པ་དུས་ཐེངས་གསུམ་བཏོན་པ་དེ་གཉེན་སྒྲིག་ཁྱིམ་ཚང་དང་། ཁྱིམ་མཚེས་ཀྱི་རྩོད་གཞི། གློག་འཕྲིན་ཁ་བསླུས། ལས་མིའི་ཁེ་དབང་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།