དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མྱུར་སྐྱོབ་རྩལ་ནུས་སྦྱངས་ནས། རྒན་རྒོན་གྱི་བདེ་ཐང་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    འདི་ནི་ལྟ་སྐྱོང་བས་ས་གནས་ས་ཐོག་ཏུ་དྲན་པ་གསོ་ཐབས་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་ལྟ་སྐྱོང་བས་ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་བྱེད་སྟངས་སྦྱོང་བཞིན་པ།

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་རྒན་གསོ་ཁང་གིས་མྱུར་སྐྱོབ་རྩལ་ནུས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། རྒན་གསོ་ཁང་གི་འགན་འཁུར་བས་སློབ་ཚན་ཁྲིད་པ་དང་། ལྟ་སྐྱོང་བ་ཚང་མ་དངོས་སྦྱོང་ནང་ཞུགས་པ། རྒན་གསོ་ཁང་གི་རྒན་རྒོན་ཚོས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། ལྟ་སྐྱོང་བའི་མྱུར་སྐྱོབ་ཀྱི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། རྒན་རྒོན་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་ནས་རྒན་གསོའི་ཞབས་ཞུའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།